R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༦༤
[A:༦༤]ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་དྲུང་ནས་པཎ་གྲུབ་དབང་པོ་ཨ་བྷཱ་ཡ་ཀཱ་རའི་བཞེད་གཞུང་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས། གྲུབ་པའི་དབང་ཕྱུག་དརྤན་ཨ་ཙཱརྻའི་བཞེད་སྲོལ་ཀྲྀ་ཡ་ས་མུུ་ཉྩེའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང་བཅས་པའི་དབང་རྣམས་ཡོངས་སུ་རྫོགས་པ། དབུ་མ་ལུགས་དང༌། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སོགས། ཟབ་ཆོས་བསམ་གྱིས་མི་ཁྱབ་པ་གསན། ཆུ་འབྲུག་ཧོར་ཟླ་བཅུ་གཅིག་པའི་ནང་དུ་དབུ་བཙུགས་ཏེ། འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན། གྲུབ་དབང་རྣལ་འབྱོར་དབང་ཕྱུག་གི་བཞེད་གཞུང༌། བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་ཡབ་ཆོས། མདོ་རྒྱུད་ཐམས་ཅད་ཀྱི་ཉིང་ཁུ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང་ཁྲིད། ལུང་མན་ངག་དང་བཅས་པ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ཕྱག་སྲོལ་ལས་ཇི་ལྟར་བྱུང་བ་བཞིན་དུ་རྒྱས་པར་གསན་ཏེ། པཎ་ཆེན་ཀླུ་སྒྲུབ་རྒྱ་མཚོས། ཚོགས་པར་བཤད་པའི་དྲང་དོན་ཟ་ཟིའི་གཏམ། །རྣམ་པར་སྤངས་ནས་སློབ་བུ་མཆོག་དག་ལ། །གཅེས་པ་གདམས་པ་ངེས་དོན་སྙིང་པོའི་བཅུད། །ཟབ་མོའི་སློབ་བཤད་འཁྱོངས་བར་བྱིན་གྱིས་རློབས། །ཞེས་གསུངས་པའི་དོན་མངོན་དུ་གྱུར་ཏེ། ཆུ་སྦྲུལ་གྱི་མཇུག་དང་ཤིང་རྟའི་ལོ་མགོ་རྣམས་ལ་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱིས་མཁན་སློབ་སྦྲགས་མ་དང༌། འདུལ་འཛིན་བློ་གྲོས་ཡེ་ཤེས་དང༌། ཚུལ་ཁྲིམས་རྒྱལ་མཚན་གཉིས་ཀྱིས་ཞབས་ཕྱི་ཞུས་ཏེ་དགུང་གྲངས་བཅུ་གཅིག་པར་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད་ཅིང༌། གཞན་ཡང་གསང་བ་འདུས་པའི་སྨར་