R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༨༣
[A:༨༣]ཟེར་གྱིས་མཛད། གཞན་དགེ་སློང་ཁ་ཤས་དང་བཅས་བློན་པོ་ཆུ་ཚན་ཁར་གུར་གྱི་ནང་དུ་བསྙེན་པར་རྫོགས། མདོ་རྩ་ལས། བླངས་པ་ལ་སླར་བླངས་པ་མེད་པའི་ཕྱིར་རོ་ཞེས་གསུངས་པས། སྔར་བཟང་བཀྲས་ལ་དགེ་སློང་གི་སྡོམ་པ་གསན་པ་དེ་ཕུལ། ལྕགས་ཐང་པ་ལ་དགེ་ཚུལ་དགེ་བསྙེན་གྱི་སྡོམ་པ་གསན་པ་དེ་མ་ཕུལ། དེའི་ཚེ་སློབ་དཔོན་དང་གསང་སྟོན་འོས་འགྱུར་ཞིག་མ་རྙེད་པས། སངས་རྒྱས་འོད་ཟེར་བས་མཁན་སློབ་གཉིས་ཆར་མཛད། གཞན་དགེ་སློང་གཙང་མ་གསུམ་དང་བཅས་བཞིའི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་ཅིག་ཅར་བ་འདི་ལ་བུ་སྟོན་རིན་པོ་ཆེས། མཁན་སློབ་གཅིག་གིས་བྱེད་པ་འདི་བོད་གྱི་འདུལ་འཛིན་རྣམས་ལ་ནི་སྣང༌། གཞུང་ན་བཤད་པ་ནི་མ་མཐོང་གསུངས་པ་དེ་ཐུགས་མད། འདུལ་བའི་ལུང་ལ་བཤད་ཚོད་ཡོད་ཀྱང་ལག་ལེན་མེད་པ་དང༌། ལག་ལེན་ཡོད་ཀྱང་བཤད་ཚོད་མེད་པའི་དམིགས་བསལ་མང་བས་དེའི་རྣམ་དབྱེ་ཕྱེ་དགོས། ཡང་ཁ་ཅིག་དགེ་སློང་བཞིས་བསྙེན་རྫོགས་མི་རུང་གསུང་པ་ནི། ཚིག་ལེ་ལས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་པ་འདི་མ་གཟིགས་པར་ཟད། །ཡང་ཁ་ཅིག །བཞིའི་སྟེང་དུ་ལས་རྗོད་མཁན་བསྣན་པས་ལྔ་ཚང་དགོས་ཟེར་ནས་འབྲུ་སྐྱོག་བྱེད་ཀྱང༌། གལ་ཏེ་བཞི་དང་ལས་རྗོད་མཁན། ཟེར་པ་ཡོད་ན་བདེན་མོད། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཞེས་པས་ཚིག་ནུས་ལ་འབྲུ་སྐྱོག་དེ་མི་འགྲོ། མདོར་ན་གསང་སྟོན་ཡོད་ན། གསང་སྟོན་བསྐོར་བའི་ལས་དགོས། བསྐོར་བའི་