[A:༨༩]ལྷ་བཅུ་བདུན་མའི་དབང་སོགས་རྒྱ་ཆེར་གསན། རིམ་བཞིན་འོག་མིན་གཉིས་པ་དཔལ་ཨེ་ཝྃ་ཆོས་ལྡན་དུ་གནས་རྟེན་རྣམས་ལ་མཆོད་འབུལ་སྨོན་ལམ་མཛད། འདི་སྐབས་གདན་ས་མཁན་པོ་མཁན་ཆེན་ཚུལ་ཁྲིམས་ལྷུན་གྲུབ་ཡིན་འདུག་ཅིང་མཇལ་འཕྲད་དག་སྣང་སོགས་ཀྱི་ངེས་སྦྱོར་ནི་བྱུང་ཚོད་མི་སྣང༌། རྗེས་སོར་ཐར་རྩེ་རྡོ་རྗེ་འཆང་གི་བཀའ་ལས། ཆིབས་པ་དམར་པོ་ག་ཞུར་ཡོད་པ་ཞིག་བཅིབས་ནས་བྱོན་སོང་བས་དག་སྣང་དང་སེམས་འཕྲེང་པོ་བྱུང་གསུངས་པ་ལས་ཞལ་རྒྱས་པ་ནི་མ་བྱུང་འདུག །དེ་ནས་བོད་ཡུལ་གྱི་རྡོ་རྗེ་གདན་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབ་སྟེ། བདག་ཅག་གི་དྲིན་ཆེན་རྩ་བའི་བླ་མ་དམ་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་དང༌། ལམ་དབང་སོགས་ཆོས་བཀའ་མང་བར་གསན། ཡབ་རྗེ་རྡོ་རྗེ་འཆང་ནས་ཀྱང་ལུགས་གཉིས་ཀྱི་སྒོ་ནས་བཀུར་བཟོས་ཕུན་སུམ་ཚོགས་པར་སྩལ། རྗེ་འདི་ཉིད་ཀྱི་མཚན་ལ། འཇམ་དབྱངས་ངག་གི་དབང་ཕྱུག་རྒྱལ་མཚན་རབ་བརྟན་དཔལ་བཟང་པོ་ཞེས་ཡབ་རྗེ་རྡོ་རྗེ་འཆང་ནས་སྩལ་འདུག་པའང་འདི་སྐབས་ལྟ་བུར་ཡིན་ནམ་སྙམ། གདན་ས་ཆེན་པོའི་གནས་རྟེན་ཁྱད་པར་ཅན་རྣམས་ལ་མཆོད་འབུལ་དང༌། སྤྱི་སྒོས་ཀྱི་བསྟན་པ་དར་བའི་སྨོན་ལམ་མཛད་དེ། སྒྲོ་མོ་ལུང་དུ་གྲུབ་དབང་དམ་པ་དེ་ཉིད་དང་ཞལ་རྒྱས་གནང་བའི་ཚུལ་ནི་མཁས་གྲུབ་དམ་པ་མང་ཐོས་མཚན་ཅན་དེ་ཉིད་ནི་མངོན་པར་ཤེས་པ་ལ་ཐོགས་རྡུགས་མི་