R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༥
[A:༤༡༥]འདོམས་ནས། ཟླ་བ་དེའི་ཚེས་མགོར་མགོན་ཁང་ཁག་བཞིར་ཕྲིན་བཅོལ་སྔོན་འགྲོའི་ཡབ་རྗེའི་བསྟི་གནས་ཕུན་ཚོགས་འཆི་མེད་རྡོ་རྗེའི་གུར་ཁང་དུ། རྗེ་རྡོ་རྗེ་འཆང་ཉིད་དཔལ་ཀྱེ་རྡོ་རྗེའི་གཞི་བསྙེན་ལ་བཞུགས་སྟན་འཇགས་པ་སྟེ་འདི་ནི་གཞི་བསྙེན་ཐོག་མའི་སྐབས་སོ། །སྨིན་ཟླའི་ནང་ཐར་རྩེ་རྡོ་རྗེ་འཆང་གིས་ཚོམས་དམར་དུ་སྦུར་བཞུ་མཛད་པའི་ནུབ་མོ་རྗེ་རྡོ་རྗེ་འཆང་ཉིད་ལ་བླ་མས་རྗེས་བཟུང་གི་མཚན་མ་འདི་ལྟར་འཁྲུངས་ཏེ། སེར་ཁང་སྟེང་གི་ནམ་མཁར་ཉི་ཟླའི་འོག་ཙམ་ན་འཇའ་སྤྲིན་དམར་པོའི་དབུས་སུ་ཡབ་རྗེ་དེ་ཉིད་སྐུ་མདངས་དམར་ཞིང་སྔགས་ཆས་སྐུ་བེམ་དམར་པོ་དང་ས་ཞུ་བཞེས་ཤིང༌། གཡོན་སྐྱབས་སྦྱིན་གཡས་གོས་དམར་ལ་ལམ་ཟབ་བིར་བསྲུང་སོགས་ཀྱི་ཕྱག་དཔེ་ཡིན་དགོངས་པ་ཞིག་གྲིལ་ནས། སྐུ་འཁྲིས་ཀྱི་ཉེ་གནས་བརྒྱུད་རྗེ་རྡོ་རྗེ་འཆང་ཉིད་ལ་སྩལ་ཉམས་ཅན་བཞུགས་པ་ལ། བཞུགས་གཡབ་གཡམ་སྐྱོར་ཤར་འཁྲིས་ནའང་ཡབ་རྗེ་དེ་ཉིད་བཞེངས་ནས་ནམ་མཁའ་བཞུགས་པའི་ཡབ་རྗེ་རང་གི་སྐུ་ལ་བཤད་པ་མཛད་པ་ཞིག་འཁྲུངས་པ་ནི། དུས་ཕྱིས་རྗེ་རྡོ་རྗེ་འཆང་ཉིད་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཀྱིས་མཚོན་སྙིགས་མའི་དུས་འདིར་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་མངའ་བདག་མཛད་པ་ལ་སྒྲུན་ཟླས་དབེན་པར་འབྱུང་ཞིང༌། སྐྱབས་གནས་ཀུན་འདུས་ཡབ་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་རྣམ་ཀུན་རྗེས་སུ་འཛིན་པའི་བརྡ་ཡང་དག་པར་གདོན་མི་ཟ་ཞིང༌། དེ་དུས་སྤུར་སྒམ་ནས་གདུང་རུས་ཕྲན་བུ་ཞིག་རྗེ་ཉིད་ལ་བྱོན་པ་ནི། ཕྱིས་སུ་གདུང་འཛིན་གྱི་གོ་སར་བཞུགས་དགོས་ཀྱི་བརྡར་ངོས་འཛིན་མཛད་ཅིང་དེ་ནས་གདུང་རུས་རྣམས་འགད་གཙང་བཏུལ་ནས་སཱཙྪ་དང་བླ་མ་ཡི་དམ་སོགས་ཀྱི་སྐུ་པར་གྲངས་མང་གསེར་མཚལ་སོགས་ཀྱིས་བསྒྱུར་བ་རྣམས་ཕྱི་རྟེན། ནང་རྟེན། དབུ་གསེར་འདྲ་སྐུ་སྒྲོས་གཙང༌། དུས་མཆོད་ཐུབ་དབང་གནས་བརྟན་འཇིམ་སྐུ་སོགས་ཀྱི་གཟུངས་