R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༤
[A:༤༣༤]ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲྭ་ཆེན་པོར་བྱོན་ཐོག་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་ཞིག་སྩལ་ཏེ། དབོ་ཟླའི་ཚེས་དྲུག་ལ་གདན་ས་རྩེ་གདོང་དུ་ཕྱགས་ཕེབས་ནས་བསྟན་རྒྱུན་མི་ཉམས་སྲིད་མཐར་སྤེལ་བའི་ཆོས་སྦྱིན་རྒྱ་ཆེར་མཛད་ཚུལ་ནི་འདི་ལྟ་ལགས། གོང་མ་ལྔའི་སྐུ་བསྟོད་ཀྱི་ལྗགས་ལུང་གིས་ཆོས་སྒོ་ཕྱེ་སྟེ། རིམ་གྱིས་འཇམ་དཀར་མ་ཏི་ལུགས། སྒྲོལ་དཀར་བཀའ་བབས་བདུན་ལྡན། ཚེ་དཔག་མེད་ཆག་ལུགས་རྣམས་ཀྱི་རྗེས་གནང་ལུང་བཅས་དང༌། བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ། དཔལ་ཆེན་ཡང་དག །ཕུར་པ། གསང་བ་འདུས་པ། མི་བསྐྱོད་རྡོ་རྗེ་རྣམས་ཀྱི་སྨིན་བྱེད་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་ནས་དང༌། དཀར་བདུད་ལྕམ་དྲལ་གྱི་རྗེས་གནང༌། སྐྱ་སེར་འདུས་ཆེར་ཁྲོམ་དབང་གྲུབ་རྒྱལ་མ། ཀྱེ་རྡོར་མན་ངག་ལུགས་ཀྱི་སྒྲུབ་དཀྱིལ། གདན་སའི་ཆོས་སྤྱོད་དང་བསྐང་བ་བསྟོད་པ་ཡོངས་རྫོགས་ཀྱི་ཁར་རྗེ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྒོ་ལས་བྱོན་པའི་ཡབ་རྗེ་བསོད་ནམས་རིན་ཆེན་གྱི་སྐུ་བསྟོད་ལེ་ཚན། ཡང་དག་གི་བརྒྱུད་འདེབས། དེའི་སྒྲུབས་ཐབས་ཚིགས་བཅད་མ་རྣམས་དང༌། བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་བསྐང་བསྔོན་རྒྱལ་མ། ས་ལོས་མཛད་པའི་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་དང་ཞ་ལུ་ལོ་ཆེན་གྱི་སྐུ་བསྟོད། སྒྲོལ་མའི་མཚན་བརྒྱ་འགྱུར་བཅོས། དཀར་ཆ་བཞི་རྣམས་དང༌། ཆོས་རྗེ་བླ་མ་དམ་པས་མཛད་པའི་རྡོ་རྗེ་ཕུར་པའི་སྒྲུབ་ཐབས་རྒྱས་འབྲིང༌། དེའི་དཀྱིལ་ཆོག་རྟོགས་པར་སླ་བ། སྔགས་འཆང་ཆོས་ཀྱི་རྒྱལ་པོས་མཛད་པའི་གཏོར་བསྔོ་ཆེན་མོ། ཕུར་ཆུང༌། དྲུག་ཅུ་པའི་ཟིན་བྲིས། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་ཙི་དམར་བསྐང་བ་ལེ་ཚན། བསེ་ཁྲབ་པའི་བསྐང་བ། ཡབ་རྗེ་བསོད་ནམས་རིན་ཆེན་གྱིས་མཛད་པའི་བསྐང་བ་རྣམས་ཀྱི་ལྗགས་ལུང་སོགས་བསྟེན་མཁས་བགྱི་བ་ལྷུར་