R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༠༩
[A:༥༠༩]བར་བལྟས་ནས་སྐུ་ཚེ་རིལ་པོ་ཁྱོལ་བ་དང་འདྲ་བར་མཛད་པ་གཞན་རྣམས་ཀྱང་འདི་དང་ཆ་འདྲ་ནའང་མང་བས་འཇིགས་ཏེ་རྒྱས་པར་སྤྲོ་མ་ནུས། དེ་ནས་གསེར་དངུལ་སོགས་ཀྱི་གཡོགས་མ་གྲུབ་པའི་ཤིང་འབུམ་དེ་ཉིད་ལ། ཐུབ་བསྟན་ལྷ་ཆེན་གྱི་མཁན་རབས་ཉེར་བཞི་པ་བརྩོན་འགྲུས་ཡེ་ཤེས་ཀྱིས་ཀྱེ་རྡོར་རབ་གནས་འབྲིང་པོ་བརྒྱ་ཁ་ཡར་དང༌། མགོ་ཟླ་ནས་རྗེ་རྡོ་རྗེ་འཛིན་ཉིད་ཀྱིས་གཤེད་དམར་སྒྲུབ་མཆོད་བརྒྱ་ཚར་གྱི་དབུ་ཚུགས་པར་མཛད་དོ། །དེ་དག་གི་དོན་བསྡུ་ན། རིགས་རུས་ཕུན་ཚོགས་འོད་གསལ་ལྷ་ལམ་ནས། །སྐུ་མཆེད་ཉི་ཟླའི་གཟིགས་པས་བསྟན་འགྲོའི་ཚལ། །འབྱེད་སྣང་ཉིན་མཚན་བརྡལ་བའི་ངོ་མཚར་གྱི། །ཡ་གྱལ་སྔགས་འཆང་གོས་དཀར་ཀུནྡའི་གཉེན། །འཛམ་གླིང་བསོད་ནམས་མིག་གིས་མི་མངོན་དབྱིངས། །འཛེགས་ཕྲལ་པད་དཀར་སྤུངས་པའི་རིང་བསྲེལ་གྱིས། །ཉེར་གཏམས་ཆོས་སྐུའི་རྟེན་གྱི་ཟ་མ་ཏོག །བྲྀཀྵས་སྤྲས་པའི་ཕྱི་རོལ་མཆོད་སྡོང་སྨིན། །དམ་ཡེ་དབྱེར་མེད་བྱིན་རླབས་སྤྲོ་བསྡུ་མཁན། །ཕུན་ཚོགས་རྟེན་འབྲེལ་ལྷུན་གྲུབ་ཚ་ཟེར་དབང༌། །གང་འདུལ་སྐུ་ཡི་ཟློས་གར་གླིང་བཞི་རུ། །སྒྱུར་མཛད་དྲིན་ཅན་བླ་མ་རྡོ་རྗེ་འཆང༌། །ཞེས་ཀྱང་སྨྲས་སོ།། ༈ དགུང་གྲངས་སོ་གཅིག་ཏུ་ཕེབས་པ་ས་ཡོས་དཔྱིད་གསེར་སྐུ་རྡོ་རྗེ་འཆང་གི་བཟོ་གྲ་དང་རིམ་གྱིས་གསེར་ཟངས་གཡོགས་རྣམས་མཛད་མུའི་དབོ་ཟླ་ནས་གོང་གི་གཤེད་དམར་སྒྲུབ་མཆོད་འཕྲོ་ས་ག་ཙམ་ལ་གྲོལ་བར་མཛད་པའི་དངོས་ཆོག་བརྒྱ་དང་དགུ་ལ་གཙོ་བོའི་ཉེ་སྙིང་ཆིག་འབུམ་ཆིག་ཁྲི་བདུན་སྟོང་ཆིག་བརྒྱ་ང་གཉིས། གཙོ་བོའི་སྙིང་པོ་རྩ་སྔགས་ཡུམ་དང་འཁོར་སྔགས་རྣམས་ཆིག་ཁྲི་སུམ་སྟོང་ཆིག་བརྒྱ་ང་གཉིས་རེ་རྣམས་ལྗགས་བཟླས་སུ་བསྟར་ཞིང༌། རྟ་ཟླ་སྔོན་མའི་བཅུ་བདུན་ལ་སྡེ་དགེར་དཔལ་ལྡན་ཆོས་སྐྱོང་དང་ཕྱི་མའི་བཅོ་བརྒྱད་ལ་ཚེ་འཛིན་དཔལ་བསྐྱེད་བུ་འཁྲིད་དམ་ཚུལ་ཁྲིམས་དཔལ་རྒྱས་དབང་མོའི་ཡུམ་