R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༦
[A:༥༨༦]གྱིས་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་ཉིན་གསུམ་མ་ཞི་རྒྱས་ཀྱི་སྦྱིན་སྲེག་སོགས་བཀའ་དྲིན་ཆེ་ཞིང༌། སྦྱིན་བདག་བསྒོ་བར་སྐུ་གདུང་རིན་པོ་ཆེའི་དབུ་གཡས་ཞལ་ངོ་རྣམས་དང་ཕྱག་གཉེར་བཅས་ཏེ། དེའི་ཚེ་འཇམ་མགོན་གཞོན་ནུའི་ཕྱག་ཏུ། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་ཀྱིས་བསྐྲུན་པའི་ས་ལེ་སྦྲམ་གྱི་ཁམས་ལས་གྲུབ་པའི་བུམ་པ་ཆ། ཕུད་དམ། ཕུད་ཕོར། འདྲེན་ཆས་ཆ་ཚང་གསུམ་སོགས་གསེར་སྤྱད་མང་དུ་མཆིས་པའི་ནང་ནས། གསེར་གྱི་ཕུད་ཕོར་གཡུ་ཁྲའི་རྟགས་བརྒྱད་ཅན་ཕྱེ་མར་གྱིས་ཕྱུར་བ་དང༌། རྗེ་བཙུན་དྲུང་རྣམས་ཀྱིས་སྣ་བདུན། སྣ་ལྔ། རྫས་རྟགས་སོགས་ཀྱི་ཙཀླི། ཡུམ་མཆོག་ནས་གསེར་དམ་ཞོས་གང་བ། ཕྱག་གཉེར་སོགས་ཚང་མས་ཞི་དྲག་གི་མཆོད་པ་བག་དྲོ་བ་བསྣམས་ནས་རིམ་བཞིན་ཕུལ་ཏེ། སྦྱིན་བདག་བསྒོ་བ། བགེགས་སྐྲོད། རྫས་བརྒྱད་མེ་ལོང་དཱུར་བིལ་དུང་སོགས་ཀྱི་སྣོད་པང་ཚད་མ་རྗེ་ཉིད་ཀྱི་ཐུགས་རྗེ་ལས་བྱུང་བ། འབུམ་ཐང་མཆོད་རྫས་སུ་བཞུགས་པ་དེ་རྣམས་བཅུད་སོ་སོས་བཀང་བ་རིམ་བཞིན་བསྟར་ཏེ་རྟེན་དྲུང་དུ་འབུལ་བ་སོགས་ཕྱག་ལེན་རྣམ་དག་གི་སྒོ་ནས་མཛད་ཅིང༌། མཆོད་བསྟོད་གྲུབ་ནས་ཕྱི་བསྐོར་ལ་མེ་ཏོག་གི་ཆར་སྙིལ་བར་ཡབ་རྗེ་རཏྣའི་མཚན་ཅན་གྱི་སྐུ་ཐོག་གི་མཆོད་ཕྲེང་གཅིག་དང༌། རྗེ་ཉིད་ཀྱི་ཐུགས་བསྐྱེད་ཀྱིས་བསྐྲུན་པའི་གཉིས་རྣམས་གཞི་ཐོག་ནང་ལ་བསྒྲིགས་ནང་སོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་སྔོན་འགྲོའི་དྲིལ་གསིལ། རྔ་རོལ་དུང་སོགས་ཀྱི་སྒྲ་སྒྲོགས་བཞིན་དུ་ནང་སོའི་ཕྱི་བསྐོར། ཡང་ལམ་ཚོམས་ཆེན་དུ་རབ་སྟོན་གྱི་བཞུགས་ཁྲི་སོགས་བཀའ་འདོམས་སྔོན་གྲུབ་ལ་ཤིས་བརྗོད་ཀྱི་མེ་ཏོག་དང༌། ཚོམས་ཆེན་སྟེང༌། སྲིད་ཞི་དཔལ་འཁྱིལ། ཀུན་ར་སྐྱེད་འཕྲང་སོགས་ནས་རིམ་པས་ལྷ་ཆེན་གློ་འབུར་ལ་འཕན་ནག་ཞལ་ཕྱེའི་དྲུང༌། སྣ་ལྔའི་མཆོད་ཤོམ་རྒྱས་པའི་མཐར་མཆོད་ཕྲེང་གིས་མཛེས་པར་བསྐོར་ཏེ། སྐྱབས་སེམས་ནས་བཟུང་ཤིས་བརྗོད་མཛད་རྗེས་