R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༦
[A:༥༩༦] ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་ཤོག་རྟེན་སྤམ་མཐོ་བཅས་ཆིབས་ཟམ་བརྒྱུད་ཕེབས་པ་སོགས་རྟེན་འབྲེལ་ལེགས་ཤིང༌། དེ་དུས་ཁྱམས་སྟོད་དཀར་པོ་རྣམ་གསུམ། ཨ་མེས་ཞབས་རྣམས་ཀྱི་འདྲ་སྐུར་ས་ཞུ། ན་བཟའ་བཅས་འབུལ་བར་གནང༌། ས་བསྐོར་ཉིན་ཐོ་རངས་སྔ་མོར་རྗེ་ཉིད་ནས་སྒོ་རྔར་ཕྱག་ནས་དུས། གསར་བཞེངས་འཕགས་པ་རིན་པོ་ཆེ་དང༌། བདག་ཉིད་ཆེན་པོར་རྒྱུ་དབང་ཞལ་ངོ་ནང་བརྒྱུད་དང༌། གཡུ་རིང་ནས་བདག་ཉིད་ཆེན་པོའི་བར་དང༌། དེ་ནས་དུས་མཆོད་གདུང་རབས་ཀྱིས་བསྐོར་བ་དང༌། ཚེ་དཔག་མེད་རྣམས་གསེར་ཐང༌། བཀའ་འགྱུར་གསེར་བྲིས། གསར་མའི་མདོ་བསྐལ་བཟང༌། རྗེ་ཉིད་ནས་རྣམ་རྒྱལ་སྟོང་མཆོད་མཛད་དུས་ཀྱི་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན། རབ་གནས་ཀྱི་ཆས། རྒྱལ་ཆེན་བཞི་དང་སྟག་འཛིན་བསྒོ་བའི་མཆོད་གཏོར། སྣ་ལྔའི་མཆོད་པ་གྲངས་མང་རྣམས་ས་ཡུལ་དོག་པོ་དེར་ཡངས་ཁྲོལ་དང་བཅས་རྫུ་འཕྲུལ་གྱི་བཀོད་པ་འགྱེད་ནས། ཆོ་ག་དངོས་ཀྱེ་རྡོ་རྗེ་ལ་སྦྱར་བའི་རབ་གནས་འབྲིང་པོའི་ལུགས་ལ། སྒོ་རྔ་འོད་དཔག་མེད་དུ་བསྐྱེད་དེ་རྒྱལ་ཆེན་རྣམས་ལ་རྡོ་རྗེ་ཕུར་པའི་རྒྱལ་ཆེན་ཐོ་འཛུགས་ལ་གཞི་མཛད་སྒོས་ཆོས་མ་འདྲེས་པར་སྦྱོར་གནང་དང༌། སྟག་འཛིན་གཏོར་བསྔོ་སྦགས་སྒྲུབ་སྐབས་གུར་ལྕམ་དྲལ་ལས་མཆེད་པའི་གནོད་སྦྱིན་ཡབ་ཡུམ་ལས། པུུ་ཏྲ་མིང་སྲིང་སྤྲོ་བའི་པུ་ཏྲ་དང་ལྷན་ཅིག་བསྐྱེད་དེ་མཆོད་གཏོར་བསྟོད་ཕྲིན་གྱིས། གཙུག་ལག་ཁང༌། དགེ་འདུན་སྡེ། སྒོ་རྔ་སོགས་སྲུང་སྐྱོང་གི་གཉེར་དམ་དང་སྦྱིན་བདག་བསྒོ་བར་སྲས་ཡུམ་རྣམས་ཕེབས་ཐོག་དྲུང་སེར་སྐྱས་ལེགས་སོ་བཅས་ཤར་མདའ་བཏང་ཙམ་ལ་གྲོལ་ཅིང༌། ཆོག་མང་བདེ་མཆོག་རབ་གནས་ཀྱི་སྦྱིན་བདག་བསྒོ་བར་ཡང་གོང་བཞིན་སྲས་ཡུམ་དང༌། ཀྱེ་རྡོར་གསང་འདུས་གཉིས་ལ་སྦྱིན་བདག་ཕྱག་གཉེར་