R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༨
[A:༦༢༨]འཕྲལ་ནད་ལས་གྲོལ་བས། ཁོང་རྣམས་དད་གུས་ཆེ་བ་ལས་ཀྱང་ལྷག་པར་ཆེ་བར་གྱུར་ཏེ། སྔོན་གྱི་མཁས་པས། ཆོས་དམ་ཚིག་གཙང་ན་དངོས་གྲུབ་མྱུར། །ཞེས་འབྲེལ་ཚད་དོན་ལྡན་དེ་ཉིད་ཀྱི་བྱིན་རླབས་ཀུན་ལ་འཇུག་ཀྱང༌། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དེ་དང་དུས་མཚུངས་ནོ་མིན་ཧན་ཐོན་དར་རྒྱས་ཀྱིས་མཆོད་གནས་ཞ་ལུ་པའང་འབྱོར། །རྟ་ཟླའི་ཚེས་བཞི་ནས། བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས། ཚེ་ཆོག །མགོན་ཁང་བཞིར་བསྐང་ཕྲིན། སྒྲོལ་མར་སྒྲོལ་འདོན། དབུ་རྩེར་འཇམ་འདོན་རྣམས་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་རྣམས་ཞབས་པད་སྲིད་མཐར་བརྟན་ཅིང་བཞེད་དོན་འབད་མེད་འགྲུབ་པའི་ཆེད་སོ་སོར་འདོད་གསོལ་བཅས་གནང་བའི་སྦྱར་བྱང་དུ། ཁོ་བོ་ལོ་བཅུ་བདུན་ཙམ་ནས་བཟུང༌། བཀའ་འགྱུར་རིན་པོ་ཆེ་ཡང་ཡང་གསུང་སྒྲོགས་ཞུ་ཡིན་ཡོད། གསུང་པ་བཞིན། རྗེ་ཉིད་ཀྱི་སྤྱིལ་ཁང་ནས་ལོ་ལྟར་བཀའ་དྲིན་ཆེ་བའི་རྒྱུན་བཟང་མི་ནུབ་པར་མཆིས་སོ། །དབོ་ཟླ་ནས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་རླབས་ཆེན་ཐུགས་བསྐྱེད་ནར་མའི་གྲས། ཆོས་ཁྲི་རིན་པོ་ཆེ་མཁས་པ་ཟིལ་གནོན་ཉམས་གསོ་གསར་བསྐྲུན་ལྟ་བུ་ཀུན་གྱི་མིག་གི་བདུད་རྩིར་གསལ་བ་འདི་ཉིད། རྒྱ་ཆེར་མཛད་རྒྱུའི་བཀའ་གསང་གིས་མཚོན། གང་ཅིའི་བབ་ཡུལ་འདི་དང་འདི་ལྟ་བུ་གྱིས་ཤིག་པའི་གསུང་བྲིས་བཞིན། མཛོད་འཛིན་འགོ་བཟོ་འུལ་མི་བཅས་ནས་དང་བླངས་ཀྱིས་རིམ་བཞིན་མཛད་སྐབས་དགུང་གསར་འབུལ་མིའང་འབྱོར་གདོང་ནས། འཇམ་དཔལ་རྡོ་རྗེ་ནོ་མིན་ཧན་དཔོན་འབངས་སྟོབས་ཆེན་རྟ་ཟླའི་ནང་ཞབས་པད་དུ་འབྱོར་ཞིང༌། པཎ་ཆེན་ཐམས་ཅད་མཁྱེན་