R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༣
[A:༦༥༣]སྐྱོར་བ་རྣམས་ནས་སྔོན་མཚུགས་དུས་ཇི་བཞིན་དང༌། བསྙེན་བཀུར། སྟོན་མོ། །འགྱེད་སོགས་ཡང་དག་བཀའ་ཡིས་འདོམས་ཏེ། ལོག་པར་སྨྲ་བ་ཚར་གཅོད་པའི་བསྟན་བཅོས་ཆེན་པོ་ཚད་མའི་གཞུང་ལུགས་གྲུབ་མཐའ་ཕྱི་ནང་གཉིས་ཀས་ཞལ་གྱི་བཞེས་པ་ལས། ནང་པའི་གཞུང་ལུགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དག་པར་བསྒྲུབ་པའི་ཆེད། དགྲ་བཅོམ་པ་ཆོས་སྐྱོབ་ལ་སོགས་པས་འཕགས་ཡུལ་དུ་རིག་གཞུང་རྣམས་དག་སྤེལ་བར་མཛད་མོད། དེ་དག་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ནི། དཔལ་ལྡན་ཆོས་ཀྱི་གྲགས་པས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཞེས། ཚད་མའི་བསྟན་བཅོས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འདི་ཉིད། སྔོན་གྱི་ལོཙྪ་བ་ཆེན་པོ་རྣམས་ཀྱིས་ལྗོངས་འདིར་བསྒྱུར་ཞིང༌། བཤད་པའི་རྒྱུན་བཞུགས་པ་ལྟར་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོས། དཔལ་མེ་དིག་པ་དང༌། མེས་ལྷང་འཚེར་བ་སོགས་ལས་ཚད་མ་གསན་པ་དང༌། རྗེ་བཙུན་རྩེ་མོས་ཕྱ་པ་ཆོས་ཀྱི་སེངྒེ་སོགས་ལ་གསན་ཅིང༌། དེ་བས་ཀྱང་ཕུལ་དུ་གྱུར་པ་འཇམ་མགོན་ས་སྐྱ་པཎྜི་ཏས། རྒྱ་བོད་སྔ་རབས་པ་དག་གི་ལོག་རྟོག་རྣམས་ལུང་རིག་གིས་བསུན་ཕྱུང་ནས། ཆོས་ཀྱི་གྲགས་པའི་དགོངས་པ་འཁྲུལ་མེད་དུ་སྐྱོང་བར་མཛད་པ་སོགས་ས་སྐྱ་པའི་ཡབ་ཆོས་གྲས་རང་ཡིན་པས་ན། རིང་མོའི་དུས་ནས་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་དགོངས་བཞེད་ཐུན་མོང་ཡིན་པར་གདུང་བརྒྱུད་རྣམས་དང༌། འདིར་བཞུགས་ཚད་མ་པ་རྣམས་ལ་གཞུང་སྐྱོར་ཞིག་བྱུང་ན་ཅི་མི་རུང་དགོངས་པ་དམ་པའི་ཐུགས་བསྐྱེད་མངོན་དུ་གྱུར་ཏོ། །དེ་ལོའི་ཕུར་སྒྲུབ་ལ་རྗེ་ཉིད་ནས་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེའི་ཞབས་ཏོག་ཏུ་གོས་བཟང་དགུ་ལས་བསྒྲུན་པའི་ཕོད་ཀ །རྡོར་གོང༌། གོས་བེམ། རལ་ཕོད་སོགས་བགྲངས་ཡས་རྣམས་ཐོག་མར་བཞེས་ཏེ་འཆམས་པར་མཛད་དོ། །དེ་དག་གི་དོན་བསྡུ་ན། དབང་ལུང་མན་ངག་འཁྲིད་ཀྱི་ཆུ་གཏེར་ཆེར། ལོངས་སུ་སྤྱོད་པའི་འཁོན་རིགས་ཛཧྣུཿ ལེགས་བཤད་ཞལ་སྐྱུགས་ཚད་