R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༢
[A:༦༦༢]དཔོན་གཡོག །ཐོབ་རྒྱལ་གྲུ་ཚང་པ། རི་གདོང་པ་སོགས་ལ་ཕུར་དབང་སྟོད་ལས་དང༌། སྨད་ལས་མདའ་པད་སྐུ་ངོ་ཟུང་ལ་ཚེ་དབང༌། སྨྱུང་གནས་པ་རྣམས་ལ་མ་ཎིའི་བཟླས་ལུང༌། རྩེ་བན་སོགས་ལ་གུར་དྲག །གཡུལ་ས་ཤར་དུ་སྐྱ་སེར་མང་པོར་ཁྲོམ་དབང༌། ཞལ་ངོ་གཞན་རྣམས་ཀྱིས་གྱེ་རེ་རྣམ་རྩེ་སོགས་གནས་གཟིགས་མཛད། དེའི་ཚེ་རྗེ་ཉིད་ཆེས་ཆེར་སྙུན་ཚུལ་གྱིས་གཞན་གྱིས་གདན་འདྲེན་དགོས་པའི་སྐབས་དེ་ལྟར་ན། མཛོད་འཛིན་སོགས་ནས་རང་རེའི་གདན་ས་འདིར་སྐུ་ཁམས་རིམ་དངས་པར་བཞུགས་ན་ལེགས་ཚུལ་སོགས་ཕྱི་ནང་གསང་བའི་གསུང་མཆིད་དུ་མ་སྙན་དུ་ཕུལ་བས། བཀའ་ལས། རང་རེ་གདན་ས་ནས་འཐོན་སྐབས་ཁོ་བོ་ད་ལམ་ནད་བབ་ལྕི་མོ་འདི་ལྟར་མཆིས་རུང༌། གདུང་སྐུ་མཆེད་ཀྱི་དབུ་འདོན་ལ་ངེས་པར་འགྲོ་བའི་དམ་བཅའ་དེ་བཞིན་དང༌། མཆོག་གསུམ་ལ་མཆོད་ཅིང་བསྙེན་བཀུར། གནས་ཁྱད་པར་ཅན་རྣམས་བསྐོར་ཞིང་དེ་དག་གི་མེ་བཙའ་གསོ་བ། ཐ་ན་མུ་ཏོ་བ་སྤྲང་པོ་ཡན་གྱི་སེམས་ཅན་ལ་ཕན་སེམས་དང་བཅས། ཉིན་མཚན་གཡེལ་མེད་མགོ་ལ་མེ་ཤོར་བ་ལྟ་བུའི་བརྩོན་འགྲུས་འདི་ཁོ་བོ་རང་གི་དམ་བཅའ་ཡིན་པས། ད་དུང་དུས་ལས་ཡོལ་མེད་བྱེད་པས། ཁྱེད་རང་ཚོ་སེམས་ལས་མི་དགོས། རིམ་དྭངས་ཡོང་ཞེས་གསུངས་ནས་སྙུན་ཚུལ་གྱི་ངལ་བ་ཁྱད་དུ་བསད་དེ་ཉིན་མཚན་གཡེལ་མེད་ལྟ་བུར་འགྲོ་དོན་ཁོ་ནར། བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པའི་ཐབས་ཆོས་རྒྱལ་ནོར་བུ་བཟང་པོའི་རྣམ་ཐར་ལ་འགྲན་བཟོད་པ་ནི་རྗེ་དེ་ཉིད་ལ་རྣམ་པ་ཀུན་ཏུ་མངའ་འོ། །དེ་ནས་བཟུང་ཕེབས་འཕྱང་ལ་རྟག་པར་ཕེབས་ཏེ་སྣུམ་རིར་བཞུགས། །ཉ་མོར་གསོལ་ཚ་དང་སེ་ཤིང་ཁར་བཞུགས། སྣེ་བཞིར་གསོལ་ཚ་དང་ཞང་པ་བྲག་གདོང་དུ་བཞུགས་དུས་འབྲས་སྐྱེད་འདུས་སྤྱི་ནས་ཞབས་བརྟན་གསོལ་འདེབས་ཀྱིས་མཚོན། སྤྱི་སྒེར་ལ་མཇལ་ཕྱག་བཀག་མེད་དུ་མཛད་པ་ནི་དེ་སྐབས་རྣམ་པ་ཀུན་ཏུའོ། །ཞལ་ངོ་བྱིངས་རྣམས་