R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༨
[A:༦༦༨]ནས། དབུ་རུ་བཀའ་ཚལ་དུ་བཞུགས་ཏེ། ཀླུ་མལ་དྲོ་གཟི་བྱིན་གྱི་ཕོ་བྲང་མདུན་དུ་མ་འོངས་པར་སྐྱེ་འགྲོ་རྣམས་ཀླུ་གཟའ་རྒྱལ་གསུམ་གྱིས་འཇོམས་པར་གསུང་ཡོད་པའི་ལོ་རྒྱུས་སྩོལ་བ་དང་བཅས། སེངྒེ་སྒྲ། ཆབ་ཀླུ་བཅས་སྨིན་རྒྱས་བསྟན་འགྲོའི་བདེ་ཐབས་སུ་གནང་ནས་ཕྱེད་དཀར་དུ་ཕེབས་ཏེ། འདུས་ཚོགས་ལ་རྣམ་སྲས་སེར་ཆེན་དང་འཇམ་དབྱངས་དམར་སེར་རྗེས་གནང་སྩལ་ནས། རིམ་གྱིས་མལ་དྲོ་གོང་དཀར་གྱི་རྡོར་ལེགས་མགོན་ཁང་སོགས་མཇལ་ཞིང་རྒྱ་མ་སྒྲུབ་རྙིང་དུ་བཞུགས་ཏེ། ཞབས་བརྟན་བསྐང་བ་སོགས་ཀྱི་ལུང་དང༌། ཚེ་དབང་སོགས་སྩལ་ཞིང༌། ཁྲི་ཁར་དུ་ཚེ་ཆོག །ཀུན་རིག །རྣམ་འཇོམས་བྱབས་ཁྲུས་བཅས་དང༌། དེ་ནས་ལ་མོར་བཞུགས་ནས་ཀོ་བར་འཐོན། ལོ་སེམས་དཔའ་རིན་པོ་ཆེས་ཆིབས་བསུས་ཏེ་ལོ་དགོན་དུ་ཞག་དྲུག་བཞུགས། གུར་དྲག །གཤེད་དམར་དབང༌། དཀར་བདུད་རྗེས་གནང༌། བསྐང་བའི་ལྗགས་ལུང་སོགས་སྩལ། ཕན་ཚུན་ནས་འཆམས་གཟིགས་དང༌། ཀྱེ་རྡོར་ཞི་བའི་སྦྱིན་སྲེག །ཕྱི་བསྐོར་ལ་རབ་ཏུ་གནས་པ་སོགས་མཛད་ནས་གཙང་ཐོག་ཏུ་བཞུགས། སང་ཉིན་རི་བོ་དགེ་ལྡན་གནས་གཟིགས་ཐོག་སྨེ་བརྩེགས་ཀྱི་ཁྲུས་དང༌། གྲྭ་དམངས་ལ་ཕྱག་དབང༌། རྗེ་རིན་པོ་ཆེ་ཆོས་དབྱིངས་སུ་མནལ་ས་ཡིན་ཟེར་བའི་མདར་སྤྱི་སྒེར་གྱི་མཇལ་ཕྱག་སོགས་གྲུབ་སྟེ་ཚལ་བདེ་ཆེན་དུ་བཞུགས། དེ་ནས་ཚལ་གུང་ཐང་དུ་ཁྲོམ་དབང་དང་བླ་མ་ཞི་ཁྲོའི་དབང༌། འབུམ་མོ་ཆེར་ཕྱག་ནས་བཅས་དང༌། བདེ་ཆེན་གནས་གཟིགས་རྣམས་གྲུབ་ནས་ཆང་ཚུལ་དུ་བཞུགས། ཚེས་ཉི་ཤུའི་ནམ་ཕྱེད་ཙམ་ལ་ཆིབས་བསྒྱུར་ཏེ་དགོད་ཁ་ལའི་རྩེར་ནམ་ལངས་ཕེབས་འཕྲལ། ལྷ་བསང་རྒྱས་པ་སྩལ་ནས་སྔས་འགོར་བཞུགས། སང་ཉིན་གཡའ་མ་ལུང་གནས་གཟིགས་དང་བཅས་བསམ་ཡས་སུ་ཞག་བཅུ་བདུན་བཞུགས་རིང་མགོན་ཁང་དང༌། ལྕོག་གཉིས་སུ་རྟག་པར་གསུང་བསྐང་དང༌། སྤྱི་སྒེར་