R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༢
[A:༦༨༢]འཇོག་བཞེད་གྱི་གསུང་ལས། དེ་རིང་ཉི་འཛིན་ཡོང་བར་ཐག་ཆོད་དེ་བཞིན་ལ། རྒན་བུ་རྣལ་འབྱོར་དབང་ཕྱུག་ཏུ་ལངས་རྒྱུ་ཡིན་པས་ཁྱེད་རང་ཀུན། ཉི་འཛིན་རྩིས་པའི་སྒོ་ཡིག་དང་བཅས་པ་ལ་བལྟད་མོ་ལྟོས་ཤིག་གསུང་བ་དང་མཉམ་དུ་ཉི་འཛིན་མི་མངོན་དབྱིངས་སུ་བྱིན་གྱིས་བརླབས་པ་སོགས་ས་ལམ་མཐོན་པོར་བྱོན་པའི་རྟགས་འགའ་ཞིག་འདི་དུས་སྟོན་པར་མཛད། ཆུ་སྟོད་ཟླ་ནང་གོང་ས་རྒྱལ་བའི་དབང་པོ་གང་ནས་ཞིང་འདིས་མཚོན། མཐའ་དབུས་བསྟན་འགྲོའི་སྲིད་ཞིའི་དཔལ་འབྱོར་ལ། བཀའ་ལུང་ཡིད་བཞིན་ནོར་བུའི་ཤིང་རྟ་ཅི་དགར་བསྒྱུར་ཏེ། གྲུབ་གཉིས་འདོད་དགུའི་དགའ་སྟོན་གྱི་བསྐལ་བཟང་ཤར་བའི་སྐབས་སུ། ཞབས་པད་སྲིད་མཐར་བརྟན་པའི་རྟེན་འབྱུང་ལེགས་སྐྱེས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་རྣམས་སྔོན་འགྲོའི་སྒོ་ནས་བཟང་དགུའི་དངོས་འབྱོར་རྣམས་བསྟར་བ་དང༌། དེ་སྔོན་ནས་འཇམ་མགོན་སྐུ་མཆེད་ལ་མི་འགྱུར་ཕྱག་རྟགས་ཀྱི་ལས་ཐམ་ཆེ་ཆུང་རེ་རྗེ་ཉིད་ནས་གསར་བསྐྲུན་མཛད་པའི། དམ་ཕུད་འདི་གའི་རྟེན་ཇི་སྙེད་པ་དང༌། དེ་སྐབས་རྒྱལ་དབང་མཆོག་སོགས་ལའང་འབུལ་བར་མཛད་པ་བཅས་མཛོད་འཛིན་པར་བཀའ་གསང་གིས་གདམས་ནས། འདིར་ཕེབས་སྐབས་གང་ཅིའི་གསུང་ཤོག་ལེགས་ལམ་དགེ་བ་སྐྱེས་བཟང་གིས་སྦ་བས་མཚོན། རིན་པོ་ཆེ་ཁམས་བརྒྱད་ཀྱི་ཛྷཻཀྵིཾ་ལས་གྲུབ་པའི་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་སྣང་བརྙན་ཆེ་ཆུང་གསུམ་རྗེ་རྡོ་རྗེ་འཆང་ཡབ་སྲས་ཞལ་རྣམ་པ་གསུམ་ལ་དགྱེས་སྩལ་དང་མཉམ་དུ། རྗེ་ཉིད་ལ་ཕན་ཁང་དབོན་སོགས་ནས་ནཱ་རོ་མཁའ་སྤྱོད་ཀྱི་འཁྲིད་སོགས་གསེར་ཆོས་བཅུ་གསུམ་གསོལ་བཏབ་བཞིན་གནང་བའི་འགོ་ཟུག་དང་སྟབས་འགྲིག་བཅས་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་དུ་འགྲིག་ཅིང༌། གཞན་ཡང་ཆུ་སྟོད་ཟླ་ནང་གློ་བོ་རྒྱལ་པོ་ཨ་ཧཾ་དབང་རྒྱལ་རྡོ་རྗེ་དཔོན་གཡོག་རྣམས་གདན་སར་ཕྱགས་ལེགས་པར་ཕེབས་ཏེ་ཁྲུམས་ཟླའི་ཚེས་འགོ་བར་བཞུགས་ནས་རྟེན་ཁྱད་པར་