R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༣
[A:༦༨༣]ཅན་རྣམས་ལ་མཆོད་པ་བསྙེན་བཀུར། དངོས་འབུལ་སོགས་ཡང་དག་མཛད་ཅིང༌། ཁོང་རྣམས་ཀྱང་ལུགས་ཟུང་གི་བདག་རྐྱེན་བཟང་པོས་རྗེས་སུ་བཟུང་བ་དང༌། ལྷག་པར་ཚེ་དབང་རིགས་མི་འདྲ་བ་ཁ་ཤས་དང༌། གདུགས་དཀར་ཉེར་བདུན་མ་དང༌། གྲྭ་ལྔའི་དབང་ཚན་སོགས་བརྩེ་བས་བསྐྱངས་མུ་དང༌། གོང་ས་རྒྱལ་དབང་མཆོག་དགུང་ཀེག་སྔ་བསུར་བྱོན་པའི་སྐུ་གེགས་སེལ་ཕྱིར། གཟིམ་སྤྱིལ་དཀར་པོའི་བསེ་མགོན་ཡིད་བཞིན་ནོར་བུའི་སྐུ་དྲུང་དུ། འཇམ་མགོན་ཞལ་རྣམ་པ་གཉིས། རྗེ་བཙུན་དྲུང་བན་ཚང་པའི་འཁོར་ཚོགས་བཅས་ནས་རྗེ་ཉིད་ཀྱི་བཀའ་བཞིན་གསུངས་བསྐང་སྨིན་རྒྱས་དང༌། ཞག་གསུམ་རིང་འདུས་ཚོགས་སུ་སྡེ་དགེ་ས་དབང་ལ་ཅུང་ཟད་འཚུབས་ཉམས་འཁྲུངས་པ་སེལ་ཕྱིར་སྐུ་རིམ་རྒྱ་ཆེ་གནད་སྨིན་དུ་འདོམས་པར་མཛད། རིང་མིན་ནས་རྒྱལ་དབང་མཆོག་གི་ཐུགས་བཞེད་བཞིན་གནོད་སྦྱིན་ཙིའུ་དམར་པོའི་སྐུ་གསོབ་གཟུངས་རབ་གནས་སོགས་ཆོ་ག་རྣམ་དག་གིས་བསྐྲུན་པ། སྐུ་ཚབ་ཆེད་མངགས་ཀྱི་ཕུལ་བས་དགྱེས་བཞེས་ཡང་དག་པར་མཛད་ཅེས་ཐོས་ལགས། དེ་ནས་དམར་པོ་སྐོར་གསུམ་གྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། དམར་མོ་སྐོར་གསུམ། དམར་ཆུང་སྐོར་གསུམ་མམ་གཉན་ལོའི་དབང་ལྷ་གསུམ། ཛམ་དམར་སྲོག་སྒྲུབ་བམ་ས་ལུག་ཛམ་དམར། ཁྱུང་ཁྲ། འཇམ་ནག །སེངྒེ་སྒྲ་སྟེ་གསེར་ཆོས་བཅུ་གསུམ་དང༌། དཔྱལ་ལུགས་ཕག་མོ་སྐོར་གསུམ། ཕག་དཀར། མཁའ་སྤྱོད་མའི་དམིགས་འཁྲིད་ཡོངས་རྫོགས་མན་ངག་ཞལ་ཤེས་དང་བཅས་པ། ཆོས་ཉིད་དངོས་སྟོན་བྱིན་རླབས། དབུ་མ་ཆེ་བའི་འཁྲིད། ཆོས་ཉིད་དངོས་སྟོན་མ་གཏོགས་ཚད་མའི་ཡིག་ལུང༌། ཀུ་རུ་ཀུལླེ་ལྷ་ལྔའི་དབང་དང་གསང་སྒྲུབ་ལྷ་ལྔའི་བྱིན་རླབས། གྲྭ་ཛམ། རྟེན་འབྲེལ་བསྲུང་བའི་བྱིན་རླབས་ལུང་བཅས་དང༌། རྒྱལ་སྲས་བཀའ་འབུམ། ངོར་ཆེན་བཀའ་འབུམ་པོད་བཞི་མ། མུས་ཆེན་བཀའ་འབུམ། བདེ་