R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༩
[A:༦༨༩]པར། འཇིགས་བྱེད་བཅུ་གསུམ་མར་ལུགས་ཐུན་མོང་མ་ཡིན་པའི་དབང་གྲངས་མང༌། སྒྲུབ་ཐབས་བརྒྱ་རྒྱམ། གྲུབ་ཆེན་བརྒྱད་ཅུ། སྣར་ཐང་བརྒྱ་རྩ། ཉི་སྦས་དང་ཇོ་ལུགས་སྒྲོལ་མ་ཉེར་གཅིག །མགོན་པོའི་དབང་ཆེན་ལྔ་དང་དེའི་རྗེས་གནང་ཟབ་མོའི་རིགས་རྣམས་དང༌། ཕྱི་འཁྲིད་འཕྲོ་ཅན་རྣམས་གཙོ་བོར་སྨོས། ཆོས་ཀྱི་འཁོར་ལོ་ཉིན་མཚན་ཁོར་མོ་ཡུག་ཏུ་ངལ་མེད་བདག་གཞན་བརྗེ་བའི་ཐུགས་བསྐྱེད་ཀྱི་དམ་བཅའ་གཡེལ་མེད་ནས། བསྐོར་བར་མཛད་པ་འདི་གཅིག་པུའི་སྐུ་དྲིན་ཡང་བསྐལ་པ་རྒྱ་མཚོར་ཁྱེར་མཐའ་མཆིས་མིན་ཤེས་ལྡན་གཟུར་གནས་དག་གིས་དགོངས་འཚལ་ལོ། །དེ་ལྟར་ན་རྗེ་འདི་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་འཇམ་དབྱངས་མིའི་ཟོལ་ཅན་མངོན་སུམ་ཡིན་པའི་གཏན་ཚིགས་ཀྱང་ཀུན་དང་མཐུན་གྲུབ་ཏུ་འདི་ལྟ་སྟེ། ཉིན་མཚན་བར་མེད་དུ་ཆོས་འཁོར་ཇི་སྙེད་བསྐོར་བའི་ཚེའང༌། གཞན་དག་ནི་ཡུན་རིང་དུ་དཔེ་སྦྱོང་སྔོན་འགྲོའི་སྒོ་ནས་ཆོས་འཆད་ལ་འཇུག་ཀྱང༌། རྗེ་འདི་ནི་གསུང་ངག་སློབ་བཤད་ཀྱིས་མཚོན་དབང་ཁྲིད་རྗེས་གནང་ཀུན། དཔེ་འདི་དང་འདི་ལྟ་བུའི་ཐོག་ནས་ཡིན་ནོ་ཞེས་འདོམས་པ་མཚོན་བྱེད་དཔེ་སྤྱན་ལམ་དུ་ཕབ་ཙམ་ལས་གཟིགས་ཡུལ་ཡེ་མི་དགོས་ཤིང༌། ཕྱག་ལེན་རྣམ་དག་གི་རྒྱུན་མ་ཉམས་པ་གསུང་ལམ་ཁོ་ན་ནས་ཤར་མར་གསུང་རྒྱུན་ཕྱག་ལེན་བཅས་འདི་དང་འདི་ལྟ་བུ་ཡིན་ནོ། །ཞེས་འདོམས་པ་དང་མཉམ་དུ་སྩོལ་བར་མཛད་པའང་དེང་སང་གི་སྐྱེ་བོ་ཀུན་ལ་རླུང་ལྟར་གྲགས་པ་འདིའོ། །དབྱུག་ཟླ་བཀྲ་ཤིས་ཟླ་གང་བླ་བྲང་ཞབས་པད་མཆོག་གི་བཀའ་བཞིན། སྒོ་རུམ་ཡེ་ཤེས་མགོན་པོའི་སྐུ་དྲུང་དུ། གང་གི་རྒྱལ་ཚབ་དམ་པ་འཇམ་མགོན་ཞལ་རྣམ་པ་གཉིས་རྒྱུན་ཐེབས་དང༌། བཅོ་བརྒྱད་སྐུ་མཆེད་ནས་བཟུང་དགེ་འདུན་རེས་བསྐོར་གྱི་བརྒྱད་གྲས་བསྐང་ཕྲིན་གནད་སྨིན་ཞུ་དགོས་བཀའ་གསང་གི་འདོམས་ནས་གྲོལ་འཕྲལ་རྟགས་བཟང་ངན་རྣམས་ཀྱང་གབ་སྦས་དང་