R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༣
[A:༦༩༣]བགྱིས་ཀྱང་ངལ་བ་འབྲས་མེད་དུ་སོང་བ་མང་ཞིང༌། རྗེ་རྡོ་རྗེ་འཆང་ཆེན་པོས་དེ་དག་རྣམས་ལ་བླང་བྱ་ལྟ་བུར་མཛད་པས་གནས་སྐབས་དེའི་ཚེ་ཅི་ཡང་མ་སྐྱོན་ཁར་ཅུང་ཟད་བདེར་སོང་བའི་ཚུལ་གྱིས་གཏོར་བཟློག་མཐར་ཕྱིན་དུ་གནང་བ་འདི་ནི། གྲུབ་པ་མཆོག་གི་ས་ལ་བཞུགས་པའི་མཛད་པ་འདི་ལྟ་བུའོ་ཞེས་སྐྱེ་དགུ་ཀུན་ལ་འདོམས་པར་མཛད་པ་དང་ཆབས་གཅིག་ཆོས་ཀྱི་ཕྱིར་དུ་སྐུ་སྲོག་ཕོངས་མེད་དེ་ཙམ་དུ་མ་ཟད་རྣམ་པ་ཀུན་ཏུ་བཞི་མདོའི་རྩ་བཞིན་འདོར་བར་མཛད་ནས། སྐད་ཅིག་ཙམ་ཡང་དལ་བར་མི་བཞུགས་པའི་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པའི་ཐབས་ཟབ་མོ་ལས་ནམ་ཡང་གཡེལ་བ་མེད་པས། གདུལ་བྱ་མཐའ་དག་ལ་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་བ་འདི་ལས་གཞན་དུ་མ་དམིགས་ལགས། ལྗགས་བསྙེན་གྱི་སྐབས་དགེ་མི་དགེའི་མཚན་མ་མང་དུ་འཁྲུངས་པ་ནི་གོར་མ་ཆག་ཀྱང༌། རྗེ་རྡོ་རྗེ་འཛིན་ཆེན་པོ་དེ་ནི། འཇམ་མགོན་བླ་མས། ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོས་ཅ་ཅོ་ག་ལ་སྒྲོག །ཅེས་གསུངས་པ་ལྟར་གནས་སྐབས་དུས་སྐབས་དང་བསྟུན་པར་མཛད་ནས་གཞན་དག་ལ་ཆེར་བཀའ་མི་སྩལ་ཞིང༌། ཉིད་ཀྱི་གསུང་ལས་ཀྱང༌། ཁོ་བོའི་གསང་གཏམ་ལོགས་སུ་འཆད་པར་སྤྲོ་བའི་གསུང་མུ་བཞིན་སྔ་ཕྱི་ཀུན་གྱི་གསང་འོས་འགའ་ཞིག །རྗེ་ཉིད་ལས་གཞན་དུ་ཆེར་མ་གྲགས་སམ་སྙམ་ཞིང༌། འོན་ཀྱང་ལྗགས་བསྙེན་དེའི་སྐབས་ཤིག་མི་དཀར་པོ་ཞིག་གཟིགས་སྐར་ནས་འོངས་ཏེ་རྗེ་ཉིད་ལ་མཐོ་མཚམས་བྱེད་ཉམས་འདི་ནི་སྔ་མོ་ཞིག་ནས་རེས༷་མེ༷་ཕུང༷་དུ༷་སྤྲུལ༷། རེས་མི་གཟུགས་སུ་བྱས་ཏེ་འོང་སྐད་ཐོས་པ་དེའི་ཆོ་འཕྲུལ་ཞིག་ཡིན་འདྲ་ཞིང་མེ་ཕུང་དུ་བྱུང་བའི་ཚེ་གཞན་ཐབས་གང་གིས་ཀྱང་ཁོ་མི་འགྲོ་ཞིང་རྗེ་ཉིད་ནས་རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་དབྱིངས་སུ་མཉམ་པར་བཞག་འཕྲལ་མེ་ཕུང་དེ་གཟིགས་སྐར་ལ་སོང་བ་ཞིག་སྔ་མོ་ནས་བྱུང་བ་དང༌། ཡང་དངོས་ཉམས་དང་འོད་