R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༨
[A:༣༦༨]གཏན་ནས་མི་མཛད་པས་ཐུགས་སྒམ་ཞིང་དེས་པའི་སྒོ་དང་པོའང་འདི་ཙམ་ནས་དོད་ཅིང༌། ལོ་དེར་མཛོད་འཛིན་བསོད་ནམས་ཤིན་ཏུ་བྲོ་འཚལ་བས་ཉིན་གཅིག་རྗེ་རྡོ་རྗེ་འཛིན་ཆེན་པོ་ཉིད་གདན་འདྲེན་གྱིས་ཕྱག་དབང་སྐབས་རྗེ་ཉིད་ལ་ཧོར་ཤེལ་གྱི་ཕྲེང་བ་སོགས་ཕུལ། མི་རིང་བར་མཛོད་པ་དེ་དུས་ལས་ཡོལ་བར་གང་གི་ཡབ་རྗེ་ཉིད་ཐུགས་ངལ་ཆེ་ཚུལ་གྱི་སྐབས་རྗེ་ཉིད་ཀྱིས་ཐུགས་གསོ་ཞབས་བརྟན་གསོལ་འདེབས་སོགས་ཞུ་གནང་དང་ཁོང་འདས་དུས་ཕུར་བཟློག་གློ་བུར་བ་དེའི་གདབ་ལས་ཉི་མ་བཞུད་ལ་ཁད་བྱུང་བའི་ལིང་གའི་གཡས་ངོས་སུ་འུག་པ་ཁོ་སྐྱ་ལོག་གེ་ཡོད་པ་དང༌། གདབ་ཁ་དངོས་དཔལ་འབར་གྱི་འོད་ལ་མཛད་པ་སོགས་ཐུགས་དྲན་གསལ་པོར་འཁྲུངས་པ་དང༌། ཡབ་རྗེས་སྩལ་བའི་རཀྵའི་ཕྱག་ཕྲེང་དེར་ཤིན་ཏུ་གཙིགས་ཆེན་གྱིས་དེ་ལ་ཀཱི་ལ་ཡ། ཧྲཱིཿཥྟཱི། པཀྵིཾ་རྣམས་རང་བྱུང་དུ་བཟླ་བར་མཛད་པ་དང༌། གཞན་ཡང་གཟིགས་སྣང་ལ་དཔལ་མགོན་ཞལ་དང་པུ་ཏྲ་ལྕམ་སྲིང་དུར་ཁྲོད་བདག་པོ་བསམ་ཡས་ཆོས་སྐྱོང་ཨ་ཙ་ར་མི་ནག་སོགས་འདུག་གསུངས་པ་ལན་ཅིག་མིན་པ་ཡང་ཡང་རྒྱལ་ཡུམ་མཆོག་ལ་བཀའ་སྩལ་ཞིང༌། གཙུག་ལག་ཁང་འགའ་ཞིག་གི་མིང་ནས་སྨོས་ཏེ་འདི་ན་འདི་ཡོད་གསུང་པའི་བཀའ་ཡང་ཡང་ཡུམ་མཆོག་ལ་སྩལ་བ་དང༌། དེ་མཚམས་ཤིག་ནས་གཟིམ་ཤར་བདེ་ཆེན་འོད་གསལ་དུ་ཕེབས། གཞི་དགོན་བུམ་འཛིན་བྱམས་པ་རབ་བརྟན་བཟང་པོ་སྔར་ནས་ཡང་ཡང་འབྱོན་མུ་དེས་བཞུགས་གཡབ་ཤར་དུ་རྣམ་འཇོམས། སེང་གདོང་སྔོན་མོ། གུར། ཁྲོ་བཅུའི་རྗེས་གནང་སོགས་གནང༌། བླ་མ་དེ་རྭ་ལོའི་རྣམ་སྤྲུལ་ཉམས་རྟོགས་ཅན་ཡིན་གསུངས་ཀྱང་རྗེ་རྡོ་རྗེ་འཆང་ཉིད་ཀྱི་དེ་དུས་གཟིགས་སྣང་ལ། རྗེ་གྲོལ་མཆོག་གི་དབུ་བླ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་གྱི་སྐུ་འདྲ་བཞིན་གཟིགས་ཤིང༌། ཁོང་དཔོན་གཡོག་གིས། གང་ལ་སེར་སྣ་མ་གདངས་མ་བརྗིད་ཆེ་བ་ཞིག་མཛད་པས་དེ་ལ་རྗེ་ཉིད་ཐུགས་ཤིན་ཏུ་འཛིན་པ་ཞིག་འཁྲུངས། དེ་དག་གིས་