R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༢༠
[A:༡༢༠]ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ཕེབས། རྗེ་འདི་ལ་འཕྲལ་དུ་ཕེབས་དགོས་པའི་བང་མི་གཅིག་རྗེས་གཉིས་མཐུད་ལྟ་བུར་འབྱོར་བར་བརྟེན་མྱུར་དུ་བྱོན། ཧོར་ཟླ་དགུ་པའི་ཚེས་མགོར་འཛིངས་ཕོ་བྲང་ཆེན་པོར་ཆོས་རྒྱལ་མཆོག་དབྱར་གཟིགས་སུ་ཕེབས་འདུག་པ་དང་ཞལ་འཛོམ། ཟླ་བ་དེའི་མཇུག་དུ་སྡེ་དགེ་དང་ལྷན་ཅིག་དངུལ་མདའ་དགོན་ཆེན་དུ་བྱོན། ཆོས་རྒྱལ་ཆེན་པོར་དབུ་ཐོན་འབུལ་བ་སོགས་སྐབས་སུ་བབ་པའི་ལུགས་གཉིས་ཀྱི་ཐུགས་བྲེལ་རྣམས་བཅད། ཁྱད་པར་ཆོས་རྒྱལ་མཆོག་ནས་སླར་ཡང་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་བཞིན། ས་མོ་ཡོས་བུའི་ལོའི་ཧོར་ཟླ་གཉིས་པའི་ཡར་ཚེས་ནས་བརྩམས་ཏེ། མཁྱེན་བརྩེ་ནུས་པའི་བདག་ཉིད་དབོན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོ་པ་དང༌། བསྟན་པའི་སྣང་བྱེད་དམ་པ་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་པ་དང༌། སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པ་དང༌། མཁས་པའི་དབང་པོ་ཞུ་སློབ་ཀུན་དགའ་དོན་གྲུབ་པ་དང༌། གདོང་དགོན་བླ་མ་བསྟན་འཛིན་ཕུན་ཚོགས་བཅས་ལ་གསུང་ངག་རིན་པོ་ཆེ་ཕལ་ཆེར་གྱི་རྣ་བར་མ་ལྷུང་བའི་གསང་ཆེན་སློབ་བཤད་ཀྱི་སྐོར་གྱི་ཁྲིད་དངོས་ཉིན་གྲངས་ཉུང་ལ། ཆ་ལག་རྣམས་རྫོགས་པར་སྩལ་ཏེ་ཧོར་ཟླ་གསུམ་པའི་མཇུག་ཏུ་ཡོངས་སུ་གྲུབ་པར་མཛད་དོ། །དེ་སྐབས་ཞབས་འབམ་ལྟ་བུས་བསྙུན་ཚབས་ཆེ་ཙམ་བྱུང་རུང༌། སླར་རིམ་གྱིས་སྐུ་ཁམས་དྭངས་པ་ན། ཁུ་དབོན་ལྷན་རྒྱས་ནས་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་ཞག་བདུན་ཙམ་མཛད། དེ་ནས་ཧོར་ཟླ་དྲུག་པའི་ནང་ཁུ་དབོན་གཉིས་ཆར་རྨ་རོང་ཆུ་ཚན་དུ་ཕེབས། དེར་ཞག་བདུན་ཙམ་བཞུགས་ནས་དབོན་རྣལ་འབྱོར་འཇམ་དཔལ་བཟང་པོ་དགོན་ཆེན་དུ་བྱོན། རྗེ་འདི་སྡེ་དགེ་ཆོས་