R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༢༢
[A:༢༢]ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལས་བྱུང་བའི་ལུང་དང་རིག་པ་སྨྲ་བ་བསམ་ལས་འདས་པར་བྱོན་པ་རྣམས་ཀྱིས་མདོ་དང་སྔགས་ཀྱི་ཆོས་ཚུལ་མང་པོའི་སྒོ་འཕར་ཡངས་པོར་ཕྱེ་བའི་གནས། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་ཞེས་གྲགས་པའི་འོད་ཟེར་རིང་པོར་འཕྲོ་བ་དེ་དང་ཉེ་བའི་ས་ཕྱོགས་རྩེན་རྒྱ་མཚོ་གླིང་ཞེས་པར། རྗེ་འདིའི་ཡབ་ནི། ཨེ་ཝྃ་ཆོས་ལྡན་གྱི་གདན་རབས་སོ་གཉིས་པ་བྲང་ཏི་མཁས་པའི་རིགས་སུ་སྐུ་འཁྲུངས་པའི་མཁན་ཆེན་ནམ་མཁའ་བསམ་འགྲུབ་ཅེས་འཇིག་རྟེན་ན་ཡོན་ཏན་མང་པོའི་མཛོད་འཛིན་པའི་བླ་མ་རྣམས་ཀྱི་ཡང་བླ་མར་གྱུར་པ་དེའི་རུས་ཀྱི་དབོན་པོར་གྱུར་པ། དེའང་ཐར་རྩེ་ཞབས་དྲུང་དཔལ་ལྡན་ཆོས་སྐྱོང་ཞེས་འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་ལྡན་བི་རཱུ་པའི་རྣམ་འཕྲུལ་དུ་གྲགས་པ། གཞི་ཚུལ་ཁྲིམས་རྣམ་པར་དག་པས་རྒྱུད་མཛེས་ཤིང༌། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མང་པོ་ཐུགས་ལ་མངའ་བ། དབང་བསྐུར་བ་ལ་སོགས་པའི་ཆོས་འཆད་སྤེལ་གང་མཛད་ཀྱང་ཚར་རེ་ཙམ་གཟིགས་པས་ཚིག་དོན་མཐའ་དག་ཁོང་དུ་ཆུད་པ་སོགས་སྐྱེས་ཐོབ་ཀྱི་ཤེས་རབ་ཕུལ་དུ་སོན་པ། དུས་རྒྱུན་དུ་ཕྱག་རྫས་སོགས་ལ་འཛིན་ཆགས་ཏིལ་འབྲུ་ཙམ་ཡང་མི་མངའ་བ། མཐར་ཞི་བར་གཤེགས་པའི་ཚེ་ཡང་སྐུ་གདུང་གྲུ་གང་ཅུང་མེད་ཙམ་ལས་མ་ལུས་པས་པུར་བཞུ་སོགས་ལ་སྐུ་གདུང་ཀ་ཊོ་རའི་ནང་དུ་གདན་དྲངས་པས་ཆོག་པ་སོགས་ངོ་མཚར་བའི་རྣམ་ཐར་མང་དུ་ཡོད་པ་དེ་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་དུ་གྱུར་པ། ལུགས་གཉིས་ཀྱི་ཤེས་བྱ་ཐམས་ཅད་ལ་མཁྱེན་པའི་སྤྱན་རས་གསལ་ཞིང༌། དཀོན་མཆོག་ལ་དད་པ་དང༌། སེམས་ཅན་ལ་སྙིང་རྗེ་སོགས་ཡ་རབས་ཀྱི་ཡོན་ཏན་ཡོངས་སུ་