R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༧༠
[A:༧༠]ལྡན་གྱིས་མཛད་པའི་འོད་འཕོ། ས་པཎྜི་ཏས་མཛད་པའི་སྣང་བ་མཐའ་ཡས་ཀྱི་བསྒོམ་དོན་སོགས་ཀྱི་ལུང་དང༌། ཆོས་ཀྱི་རྗེ་འདམ་ཐོག་བླ་མ་རིན་ཆེན་གྲགས་པ་ལས། ཞུ་ཆེན་གྱི་ཡིག་ཆའི་སྟེང་ནས་ཕྱག་རྡོར་འཆི་འཇོམས་ཀྱི་དབང༌། ཚེ་དབང་མདའ་འཕེལ་མ་བཟང་པོ་རྒྱལ་མཚན་གྱི་ཡིག་ཆ་ལྟར་དང༌། ཞུ་ཆེན་གྱི་ཡིག་ཆའི་སྟེང་ནས་ཚེ་དཔག་མེད་ལྕགས་སྡོང་མའི་དབང་བཅས་དང༌། སྤངས་རྟོགས་ནོར་བུའི་མཛོད་འཆང་ངག་དབང་ཕུན་ཚོགས་དོན་གྲུབ་ཀྱི་དྲུང་ནས། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པའི་སྲུང་བ་ཕྱི་མའི་བྱིན་རླབས། རིག་སྔགས་འཆང་བ་བདེ་གྲོལ་བླ་མ་རིན་པོ་ཆེ་ལས། སྔ་འགྱུར་རྡོ་རྗེ་ཐེག་པའི་བཀའ་སྲོལ་ལས་བྱུང་བའི་ཚེ་དབང་ཟབ་མོ་དང༌། སྨིན་གླིང་གཏེར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་སྙིང་པོ་གསལ་བ་དང༌། ཨོ་རྒྱན་རྣམ་གྲོལ་གྱི་ཆོག་ཁྲིགས་བཀླགས་པས་དོན་གྲུབ་བཅས་ཀྱི་སྟེང་ནས་བྱད་འགྲོལ་གསེར་གྱི་ལྡེ་མིག་དང༌། གཞན་ཡང་རྒྱགས་བརྔན་ལྷ་བསང་སོགས་ཀྱི་ལུང་འགའ་ཞིག་དང༌། མཁས་པའི་དབང་པོ་ཞལ་དཀར་བ་ངག་དབང་ཤེས་རབ་ལས། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་གནུབས་ལུགས་ཀྱི་སྲུང་མ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་རྗེས་གནང་ལ་སོགས་པ་དང༌། གཞན་ཡང་མཁས་གྲུབ་སངས་རྒྱས་གྲགས་པ། ཁང་གསར་ཞབས་དྲུང་རིན་པོ་ཆེ་བསོད་ནམས་བསྟན་འཛིན། ཕན་ཁང་འཇམ་དབྱངས་སོགས་ལས་ཀྱང་ཆོས་ཀྱི་བདུད་རྩི་བག་ཙམ་རེ་གསོལ་བ་ཡིན་ནོ། །དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་མང་དུ་གསན་པ་རྣམས་ཀྱང་མིང་ཙམ་དུ་མ་བཞག་པར་བསམ་བྱུང་གི་ཤེས་རབ་མྱུར་བ་དང༌། གསལ་བ་དང༌། རྒྱ་ཆེ་བ་དང༌། ཟབ་པའི་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པས་དོན་དང་དོན་མ་ཡིན་པ་རྣམ་པར་ཕྱེ་སྟེ་