R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༧༦
[A:༧༦]བཞིར་ཕེབས་པ་ས་ཕོ་སྤྲེའུའི་ལོའི་ཧོར་ཟླ་བཅུ་གཉིས་པའི་ནང༌། རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་ཟུང་འཁོར་ལོའི་རེ་ཁཱ་རྣམ་པར་བཀོད་དེ་འཇིགས་པ་དང་བག་ཚ་བ་མེད་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སྒོ་ནས། ལོ་དེར་ཕྱོགས་མཐའ་དག་ནས་འདུས་པའི་དོན་གཉེར་ཉིས་བརྒྱ་ལྷག་ཙམ་ལ། གྲུབ་ཆེན་བི་རཱུ་པའི་བཞེད་གཞུང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་ཀྱི་འཁོར་ལོ་མ་ལུས་པ་ཡོངས་སུ་རྫོགས་པར་བསྐོར་ཏེ། གདུལ་བྱ་མ་སྨིན་པ་རྣམས་སྨིན་པ་དང༌། སྨིན་པ་རྣམས་གྲོལ་བའི་ལམ་དུ་འགོད་པ་དང༌། ཐམས་ཅད་ཀྱང་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་ལ་གནས་པར་མཛད་དོ། །དེ་ལོ་བོད་ཆེན་པོའི་ལྗོངས་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་སྡེ་དགེ་ཆོས་རྒྱལ་ཆེན་པོ་ས་དབང་བཟང་པོའང་དབུས་གཙང་གི་རྟེན་གསུམ་རྣམས་དང༌། རིས་སུ་མེད་པའི་དགོན་སྡེ་རྣམས་ལ་བསྙེན་བཀུར་སྟོབ་པའི་ཕྱིར་དུ་བྱོན་ཞིང༌། རྗེ་འདི་ལས་ཆོས་ཀྱི་བདུད་རྩི་ཅུང་ཟད་བཞེས་པས་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་པར་གྲགས་སོ། །དེ་སྐབས་སྔ་ཕྱི་ཅི་རིགས་པར་ཡི་དམ་གྱི་ལྷའི་ལྗགས་བསྙེན་མཛད་པའི་རིམ་པའང་མཁའ་སྤྱོད་མའི་བསྙེན་པ་ཟླ་བ་བཞི་ཙམ་དང༌། མགོན་དཀར་གྱི་བསྙེན་པ་ཟླ་བ་ཁ་ཤས། བྲག་རྫོང་མའི་བསྙེན་པ་ཟླ་བ་དྲུག་ཙམ་དང༌། སྒྲོལ་དཀར། རྣམ་རྒྱལ་མ། ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་བསྙེན་ཚད་མཐར་ཕྱིན་པ་དང༌། བཅུ་ཆའི་སྦྱིན་སྲེག་བཅས་མཛད་པ་ཡིན་ནོ་ཞེས་ཐོས་སོ། །ཨེ་མ་སོ་ཐར་རིགས་བརྒྱད་ལས། །མཆོག་ཏུ་གྱུར་པ་དགེ་སློང་སྟེ། །མཁའ་ལ་རྒྱུ་སྐར་རབ་མང་ཡང༌། །ཟླ་བ་ལ་ནི་འགྲན་ནུས་སུ། །དེ་སླད་བརྟན་མཁས་ཡོན་