R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༩༨
[A:༩༨]མེད་ཚེའི་བཅུད་ལེན་གྱི་ཡིག་ཆའི་སྟེང་ནས་ཉམས་ཁྲིད་ལུང་དང་བཅས་པ། ངག་ཆོས་པའི་ཡིག་ཆའི་སྟེང་ནས་གསང་སྒྲུབ་ལྷ་དགུའི་རྗེས་གནང་སྔོན་དུ་འགྲོ་བས། མཁྱེན་བརྩེས་མཛད་པའི་ཁྲིད་ཡིག་དང་ངག་ཆོས་པའི་ཁྲིད་ཡིག་བཅས་ལ་གཞི་བྱས་ཞལ་ཤེས་ཡིག་ཆུང་སོགས་ཀྱིས་བརྒྱན་ཏེ། རྡོ་རྗེ་ནག་པོ་ཆེན་པོའི་ནང་ཁྲིད་དམ་གསང་ཁྲིད་དུ་གྲགས་པ། རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྙེན་པའི་དམིགས་རིམ། འཁོར་ལོ་ལྔ་ལྡན་དང་རྡོ་རྗེའི་བཟླས་པའི་སྒོ་ནས་སྒྲུབ་པའམ་རྦད་པ། ལས་སྦྱོར་ཐུན་མོང་བ་སྤྱི་དགྲ་སྒོས་དགྲ་བསྒྲལ་བ། ཐུན་མོང་མ་ཡིན་པ་འཁོར་ལོ་ལྔ་ལྡན་གྱི་ཁྲིད་རྣམས་ཡོངས་སུ་རྫོགས་པ་སྨིན་རྒྱས་དང༌། རྒྱབ་རྟེན་ལུང་ལ། བདག་ཆེན་རྡོ་རྗེ་འཆང་ཆེན་པོས་བསྒྲིགས་པའི་མགོན་པོད་མེ་འབར་མའི་གླེགས་བམ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་བསྒྲིགས་པའི་མགོན་པོའི་སྙན་བརྒྱུད་པུསྟི། སྐྱོ་མདའ་བ་མང་ཐོས་བསོད་ནམས་དབང་ཕྱུག་གིས་བསྒྲིགས་པའི་མགོན་པོའི་ཡང་སྐོང་གླེགས་བམ་གཉིས་དང་བཅས་པའི་ལུང༌། སྟོབས་འཕྲོག་དབང་པོ་ཞིང་སྐྱོང་གདོང་བཞི་པའི་གསང་ཁྲིད་ཀྱི་ཡི་གེ་དབང་ཕྱུག་རབ་བརྟན་པས་མཛད་པར་ཞལ་ཤེས་ཡིག་ཆུང་སོགས་ཀྱིས་བརྒྱན་ཏེ་སྔོན་འགྲོ་དང༌། དངོས་གཞི་འཁོར་ལོ་བཞི་ལ་བརྟེན་པའི་བསྙེན་པ་དང༌། སྒྲུབ་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་སྦྱོར་དང་སྤོགས་ཆོག་སོགས་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་སྨིན་རྒྱས་དང༌། རིག་འཛིན་རོལ་པའི་རྡོ་རྗེའི་གཏེར་ཆོས་གུ་རུ་དྲག་ཁྲོས་ཀྱི་དབང་བསྐུར་བ་གཏེར་གཞུང་དང༌། གཏེར་སྟོན་རང་གིས་མཛད་པའི་ཡིག་ཆ་རྣམས་ཀྱི་སྟེང་ནས་དང༌། དཔལ་ས་སྐྱ་པའི་རྗེ་བཙུན་གོང་མ་ལྔའི་གསུང་འགའ་ཞིག་གི་ལུང་བཅས་གསན་ཏོ། །ཡང་ཞུ་དབོན་ངག་དབང་དགེ་ལེགས་ཀྱི་དྲུང་ནས། ངག་དབང་མཆོག་ལེགས་རྡོ་རྗེའི་ཡིག་ཆའི་སྟེང་ནས་