[B:41a]གཡོན་ཕྱོགས་ནས་རིམ་པ་བཞིན་དཔལ་རྡོ་རྗེ་གདན་བཞི་པ། དཔལ་ཀྱེ་རྡོ་རྗེ་མཚོན་ཆ་ཅན། དཔལ་འཁོར་ལོ་བདེ་མཆོག་དཔལ་ཁ་སྦྱོར་རྡོ་རྗེ་སེམས་དཔའ། དཔལ་སྒྱུ་མ་ཆེན་མོ། དཔལ་སངས་རྒྱས་ཐོད་པ། དཔལ་ལྷ་མོ་རིག་བྱེད་མ། དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། སྒོའི་གཡས་ན་རྡོ་རྗེ་ཕུར་པ། རྒྱལ་ཆེན་རྣམ་སྲས་སེར་ཆེན། གཡོན་ན་གནོད་སྦྱིན་རྡོ་རྗེ་བདུད་འདུལ་རྣམས་རང་རང་གི་འཁོར་ཚོགས་དང་བཅས་པ། སྒོ་གོང་ན་གཙུག་ཏོར་དྲི་མ་མེད་པ། དེའི་གཡས་གཡོན་ན་ཕྱག་ན་རྡོ་རྗེ་འགྲོ་བཟང་དང་། ཁང་བུ་བརྩེགས་པའོ། ། དེ་ལྟ་བུའི་ཆོས་ཀྱི་དབྱིངས་ཀྱི་ཕོ་
བྲང་དེ་ན་ཡང་། རིན་པོ་ཆེ་དངུལ་ལས་གྲུབ་པའི་དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་ཕྱག་ཚད་ཇི་ལྟ་བའི་བུམ་པ་བཅུ་ཕྲག་གཅིག་ལ་སོགས་[A:132]པ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ། སྟེང་དུ་གན་ཇི་ར་དང་རྔ་ཐུག་དུ་མས་བརྒྱན་པར་བྱས་པའོ། ། དེའི་མདོའི་བཀོད་རིས་ལ། མཁས་གྲུབ་ཆེན་པོ་མཁན་ཆེན་གཡག་པ་དང་། རོང་སྟོན་ཤེས་བྱ་ཀུན་རིག་གཉིས་ཀྱི་སྐུ་འདྲ་ཆོས་ར་མ། བདག་ཉིད་ཆེན་པོ་ས་པཎ་གྱིས་བསམ་ཡས་སུ་ཕྱག་བྲིས་སུ་བཏབ་པའི་འཇམ་དབྱངས་ཕྱག་མཚན་སྙན་དངགས་དང་བཅས་པའི་བཀོད་པ། སྒྲ་ཀ་ལཱ་པའི་གླེང་གཞི་རྣམས་སོ། །
Library Holdings
ཐར་ཐོག་ཞལ་རས་ལྷ་ཁང་གི་འགྲམ་གཡས་ན་ཕྱག་དཔེ་ཁང་ཀ་བཞི་མ་ན་རྒྱལ་བའི་བཀའ་དྲི་མ་མེད་པ་ཁ་བ་ཅན་དུ་འགྱུར་བ་མ་ལུས་པ་རྣམས་དང་། དེ་རྣམས་ཀྱི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་དང་། པཎ་ཆེན་ཤཱཀྱ་ཤྲཱིས་རྒྱ་གར་ནས་ཡུམ་རྒྱས་པ་ལ་རྒྱ་དཔེ་པོ་ཏི་བཞིར་བྱས་ནས་གདན་དྲངས་པ་ས་སྐྱར་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་ཕྱག་དཔེ་ཁང་དུ་བཞུགས་པ་ལས་འཕྲོས་པའི་པོ་ཏི་གཅིག་དང་། སྙེ་ཐང་ཆོས་རྫོང་ནས་ཆོས་རྗེ་བླ་མའི་ཕྱག་དཔེ་དུས་འཁོར་གྱི་རྒྱ་དཔེ་གཅིག་གིས་གཙོས་པའི་རྒྱ་དཔེ་ཁ་ཤས། དཔལ་ས་སྐྱ་པའི་རྗེ་བཙུན་ཁུ་དབོན་གྱི་བཀའ་འབུམ་ཚར་གཉིས། ཆོས་རྗེ་བླ་མ་དང་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་[A:133]འབུམ། བྲག་ཐོག་ཆོས་རྗེ་དང་རྗེ་བཙུན་དམ་པ་འདི་ཉིད་ཀྱི་བཀའ་འབུམ། བུ་སྟོན་རིན་པོ་ཆེ་དང་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པའི་བཀའ་འབུམ། གཞན་གསང་སྔགས་གསར་རྙིང་། མདོ་ཕྱོགས་སོགས་ཀྱི་གསུང་རབ་གལ་ཆེ་བ་མ་ཚང་བ་མེད་པ་བཞུགས་སོ། །
འགྲམ་