R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༧༠
[A:༢༧༠]པའི་སྣང་ངོ་ན་སངས་རྒྱས་དངོས་དང་ཁྱད་པར་མེད་ཅིང༌། སངས་རྒྱས་ཀྱི་མཛད་པ་མཐའ་དག་ཀྱང་མཛད་པའི་ཕྱིར། ངེས་པར་རྡོ་རྗེ་འཆང་ཡིན་པ་ལ་ཐེ་ཚོམ་ཅུང་ཟད་ཀྱང་མི་མངའ་བའི་ཐུགས་དད་མཐའ་ཡས་པ་མཛད་ཅིང༌། རྒྱུན་དུ་མཚན་ནས་གསུངས་པའི་ཚེའང་ཐར་རྩེ་རྡོ་རྗེ་འཆང་ཞེས་གུས་པ་ཆེན་པོས་གསུངས་པ་ཡིན་ནོ། །དེ་སྐབས་ཤིག་ཏུ་ཞྭ་སེར་ཅན་གྱི་བསྟན་པའི་སྣང་བྱེད་དམ་པ་ཡོངས་སུ་རྫོགས་པའི་མཁས་པ་ཆེན་པོ་སོག་པོ་དོན་གྲུབ་རྒྱལ་མཚན་པའང་ཨེ་ཝྃ་དུ་བྱོན་ཏེ། རྗེ་འདི་ལས་བཀའ་ཆོས་འགའ་ཞིག་གསན་པར་མཛད་དེ། ཆུ་སྟག་ལོའི་ནང་ཞྭ་ལུ་ནས་རྩོད་དུས་ཀྱི་ཀུན་མཁྱེན་བུ་སྟོན་གཉིས་པ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའང་ཨེ་ཝྃ་དུ་ཕེབས། རྗེ་འདི་ལས་ཀྱེ་རྡོར་བཀའ་བབས་བཞི་ལ་སོགས་པའི་བཀའ་ཆོས་འགའ་ཞིག་གསན། ཚུལ་ཡང་གོང་དུ་ཐོས་པ་མཛད་པའི་སྐབས་སུ་བཤད་པ་ལྟར་གྱི་རྣམ་སྲས་ཀྱི་རྗེས་གནང་སོགས་གསན་པ་དང༌། ཡང་ཞྭ་སེར་གྱི་ཅོད་པན་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཨ་མདོ་བཀྲ་ཤིས་འཁྱིལ་གྱི་བྲག་དགོན་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས་པའང་ཨེ་ཝྃ་དུ་ཕེབས། རྗེ་འདི་ལས་དབང་དང༌། རྗེས་གནང་དང༌། ལུང་ལ་སོགས་པའི་བཀའ་ཆོས་འགའ་ཞིག་གསན་ཅིང༌། ཚུར་ཡང་གོང་དུ་བཤད་པ་ལྟར་གྱི་བཀའ་ཆོས་མང་དུ་གསན་པར་མཛད་པ་སོགས་ཟབ་རྒྱས་