R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༧༦
[A:༢༧༦]བསྐོར་བས། །མ་དག་པ་ཡི་འཇིག་རྟེན་ཀྱང༌། །དག་པའི་ཞིང་ཁམས་བཞིན་དུ་བྱས། །འདི་ན་ཆོས་ཀྱི་བདུད་རྩིའི་རྒྱུན། །འབེབས་པར་བྱེད་པ་མང་མོད་ཀྱང༌། །ཁམས་དང་བསམ་པ་བག་ཉལ་ལ། །བརྟགས་ཏེ་སྟོན་པ་ཁྱོད་འདྲ་སུ། །དེ་སླད་ཤེས་བྱ་ཀུན་གཟིགས་པའི། །ཉི་མའི་གཉེན་དེ་འདི་མིན་ནམ། །གཞན་དུ་ཐམས་ཅད་མཁྱེན་པ་ཡི། །ཆོས་སྨྲ་འདི་འདྲ་ཇི་ལྟར་འབྱུང༌། །རང་དོན་བྱང་ཆུབ་བརྙེས་བཞིན་དུ། །ཟབ་མོའི་ལམ་ལ་བརྩོན་པ་སོགས། །འགྲོ་འདི་ཐར་པར་བཀྲི་བའི་སླད། །རྒྱལ་སྲས་སྤྱོད་ཚུལ་བསམ་མི་ཁྱབ། །ཉེས་སྤྱོད་ཕྲ་ཞིང་ཕྲ་བ་ཡང༌། །གཟོད་མ་ཉིད་ནས་སྤངས་ཟིན་ཕྱིར། །དེ་སླད་ཁྱོད་ཀྱི་ཕྲིན་ལས་ཀྱིས། །རྟག་ཏུ་ཕུན་ཚོགས་འབའ་ཞིག་སྟེར།། །།གཉིས་པ་བྱང་ཕྱོགས་བོད་ཀྱི་རྒྱལ་པོ་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོས་ཆེན་པོར་འོས་པའི་མཚན་དང་ཡོ་བྱད་ཀྱིས་ཆེན་པོའི་གོ་སར་མངའ་གསོལ་ནས་རྣམ་དཀར་གྱི་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ་ནི། སྔོན་བོད་ཆོས་རྒྱལ་མེས་དབོན་རྣམས་ཀྱི་སྐུ་དུས་ནས་བཟུང་སྟེ། དེང་སང་གི་བར་དུ་བྲང་ཏིའི་གདུང་རབས་རིམ་བྱོན་ཐམས་ཅད་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེན་པོ་བྱས་ཤིང༌། འགྲོ་བ་མང་པོ་ཕན་པ་དང་བདེ་བའི་ལམ་ལ་བཀོད་པ་དང༌། ཁྱད་པར་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོར་ཡང་རྣམ་ཀུན་ལྷག་བསམ་ལྷུར་ལེན་གྱིས་སྲི་ཞུ་གང་ཆེ་ཞུས་དང་ཞུ་མུ་ཡིན་པར་མ་ཟད། སྔ་མ་ཤིང་ཡོས་ལོ་དང༌། མེ་འབྲུག་ལོ་གཉིས་སུ་ཡིད་སྲུབས་ཀྱིས་རྒྱུད་བསྐུལ་བའི་ཕ་རོལ་གོརྵ་ནས་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཚུར་རྒོལ་བྱུང་བར་བརྟེན། དམག་འཁྲུགས་གཞི་ཆེ་ཙམ་བྱུང་བའི་སྐབས་སུའང༌། རྗེ་འདིའི་སྐུ་མཆེད་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་གཞི་རྩེའི་རྟ་ཁལ་མགོ་བྱེད་དུ་བསྐོ་བཞག་སྩལ་བར་ཡང་དཔོན་