R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༩༠
[A:༢༩༠] བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གྲུབ་པའི་འཁོར་ལོས་སྒྱུར་བ་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་སྔ་ནས་དང༌། རྒྱུད་སྡེའི་རྒྱ་མཚོའི་མངའ་བདག་ཁང་སར་མཁན་རིན་པོ་ཆེ་ངག་དབང་བློ་གྲོས་བཟང་པོ་པ་དང༌། འདི་གཉིས་ཀྱིས་ཀྱེ་རྡོར་རྒྱུ་ལམ་གྱི་དབང་ཙམ་ལས་བཀའ་ཆོས་ཆེ་རིགས་མ་གསན་དེའི་སྐུའི་དབོན་པོ་གཞན་ཕན་བྱང་ཆུབ་སེམས་ཀྱིས་འགྲོ་བ་རྣམས་སྨིན་གྲོལ་ལ་འགོད་པ་མཁན་རིན་པོ་ཆེ་ངག་དབང་བློ་གྲོས་བསྟན་འཛིན་པ་དང༌། ཤིན་ཏུ་ལྐོག་གྱུར་གྱི་ཆོས་རྣམས་ཀྱང་མངོན་ཤེས་ཀྱི་མེ་ལོང་དྭངས་པའི་ངོས་སུ་ཤར་བ་ཕན་ཁང་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་པ་དང༌། ལུང་རིགས་སྨྲ་བའི་དབང་ཕྱུག་ཁང་སར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་པ་དང༌། ད་ལྟ་ཆོས་ཀྱི་ཁྲིལ་ཞབས་སེན་རྣམ་པར་བཀོད་པའི་ཁང་གསར་མཁན་ཆེན་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་པ་དང་དྲུག་གོ །གསུམ་པ་འཇིག་རྟེན་གྱི་ཁམས་འདིར་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ལྔ་ནི། མཆོག་ཏུ་གྱུར་པ་ཉི་མ་ལྟ་བུ་གཅིག་དང༌། ཟླ་བ་ལྟ་བུ་བཞི་སྟེ་ལྔ་ལས། དང་པོ་ནི་རྗེ་བཙུན་འཇམ་པའི་དབྱངས་མིའི་སྲིད་པ་འཛིན་པ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་ལྟ་བུར་གྱུར་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་སོ། །གཉིས་པ་ཟླ་བ་ལྟ་བུ་བཞི་ནི། རྩོད་དུས་ཀྱི་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་དང༌། དེ་ཉིད་ཀྱི་རྣམ་པར་འཕྲུལ་པ་རྡོ་རྗེ་འཆང་ཚར་པ་ཆོས་ཀྱི་རྗེ་སོགས་སླར་ཡང་རང་ཉིད་ཀྱི་བསྟན་པ་སྤེལ་བ་ལ་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ་མཁས་དང་གྲུབ་པ་གཉིས་