R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༩༡
[A:༢༩༡]ཆར་གྱི་ཡོན་ཏན་ཕུལ་དུ་སོན་པ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའི་ཞལ་སྔ་ནས་དང༌། བརྩེ་ཆེན་སྙིང་པོའི་ཞབས་ཀྱི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཀུན་མཁྱེན་ཨེ་ཝྃ་པ་ཉིད་དང་རྣམ་དབྱེར་མེད་པའི་གནས་ལྔ་རིག་པའི་མཁས་པ་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་བམ་མཚན་གཞན་ངག་དབང་བློ་གྲོས་སྙིང་པོ་གཞན་ལ་ཕན་པ་མཐའ་ཡས་པའི་འོད་ཟེར་དུ་གྲགས་པའི་ཞལ་སྔ་ནས་དང༌། ཞྭ་སེར་གྱི་ཅོད་པན་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ཨ་མདོ་བཀྲ་ཤིས་འཁྱིལ་གྱི་བྲག་དགོན་ཞབས་དྲུང་རིན་པོ་ཆེ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཆེན་པོ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་ཞལ་སྔ་ནས་དང༌། མཉམ་མེད་རི་བོ་དགེ་ལྡན་པ་ཆེན་པོའི་བསྟན་པའི་སྣང་བྱེད་མཚུངས་ཟླ་དང་བྲལ་བ་ལྔ་རིག་སྨྲ་བའི་དབང་པོ་སོག་པོ་དོན་གྲུབ་རྒྱལ་མཚན་པ་རྣམས་སོ། །དུས་འདི་ཙམ་ན་མཁས་པ་ཆེན་པོ་དེ་དག་གི་ཕྲིན་ལས་ཀྱིས་བོད་དང་བོད་ཆེན་པོའི་ལྗོངས་ཐམས་ཅད་མཛེས་པར་བྱས་པ་ཡིན་ནོ། །བཞི་པ་ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་རབ་ཏུ་ཆས་པའི་ཞབས་དྲུང་རྣམ་པ་བརྒྱད་ནི། རྗེ་འདིའི་སྐུའི་དབོན་པོ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་བསམ་ལས་འདས་པ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པ་དང༌། དཔལ་བརྩེ་བ་ཆེན་པོའི་སྐུ་ཞང་ཤར་པའི་རིགས་སུ་སྐུ་འཁྲུངས་པའི་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་ངག་དབང་ཡེ་ཤེས་རྒྱལ་མཚན་པ་དང༌། དེའི་སྐུའི་དབོན་པོ་མདོ་སྔགས་བསྟན་པའི་སྣང་བྱེད་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་ཤེས་རབ་ཆོས་ཀྱི་རྒྱལ་མཚན་པ་དང༌། དེའི་སྐུ་མཆེད་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་བདག་