R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༠༡
[A:༣༠༡]ཟད་བྱུང་བ་འགའ་ཞིག་ཀྱང་བསྙད་ན། དགུང་ལོ་བཅུ་ཙམ་བཞེས་པའི་སྐབས། རྗེ་འདི་ཐར་རྩེའི་གཟིམ་ཆུང་བསམ་གཏན་ཡང་རྩེར་བཞུགས་པའི་སྔ་དྲོའི་དུས་ཤིག་གི་ཚེ་གཟིམ་ཆུང་གཡབ་ཆེན་དུ་གཟིགས་པ་ན། དེའི་ནམ་མཁའ་ཐམས་ཅད་སྤྲིན་གྱིས་གང་བའི་གསེབ་ན་རྒྱལ་ཆེན་རྣམ་ཐོས་སྲས་བཞུགས་ཤིང༌། ས་གཞིར་གཟིགས་པ་ན་ས་གཞི་ཐམས་ཅད་ཀྱང་ཆུའམ་ཤེལ་གྱི་རྣམ་པ་ལྟ་བུ་ལ་ནམ་མཁའི་གཟུགས་བརྙན་ཤར་བའི་ཚུལ་གྱིས་རྣམ་ཐོས་སྲས་ཁྲ་ལམ་མེར་གསལ་བ་མངོན་སུམ་དུ་གཟིགས་པ་དང༌། ཡང་ནུབ་ཅིག་མནལ་ལམ་དུ་ནམ་མཁའ་ནས་ནེའུ་ལེ་ཤིན་ཏུ་ཡིད་དུ་འོང་བ། ལུས་ཀྱི་སྤུ་མདོག་ཀྱང་རྨ་བྱའི་སྒྲོའི་ཐིག་ལེ་ཇི་ལྟ་བ་བཞིན་གྱི་ནོར་བུའི་རི་མོ་སྣ་ཚོགས་སུ་ཡོད་པ་ཉི་ཤུ་རྩ་གཅིག་ཐར་རྩེའི་ཕོ་བྲང་སྟེང་གི་གསེར་ཟངས་ཀྱི་གཉྫི་རའི་སྟེང་དུ་བབས། དེ་ ནས་ཀྱང་རིམ་གྱིས་བབས་ཏེ་གཟིམ་ཆུང་བསམ་གཏན་ཡང་རྩེར་སོང་བའི་སྣང་བ་ཞིག་བྱུང་གསུང་སྟེ། དེ་ནི་བླ་བྲང་འདི་འབྱོར་པ་ཇེ་ཆེར་སོང་བ་འདིའི་ལྟས་དང༌། ཛྃ་ལྷ་ཉེར་གཅིག་གི་གཡང་སྐྱབས་འདྲའང་བྱས་པས་དེ་ལ་བལྟ་བ་འདྲ་གསུང་བ་དང༌། ཡང་སྐབས་ཤིག་གི་ཚེ་མནལ་ལམ་གྱི་གསལ་སྣང་དུ། མདུན་གྱི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་ཤིན་ཏུ་རྒྱ་ཆེ་ཞིང་དཔངས་མཐོ་བ། དེའི་སྟེང་གི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་གནས་བརྟེན་ཆེན་པོ་ཡན་ལག་འབྱུང་ནས་བཟུང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་བཞུགས་ཤིང༌། དེ་རྣམས་ཀྱི་ཕྱག་སྟབས་ཀྱང༌། ཡན་ལག་འབྱུང་ཕྱག་གཉིས་མཉམ་གཞག་མཛད་པ་མ་གཏོགས་གཞན་རྣམས་ངག་འདོན་དང་མཐུན་ཞིང༌། གནས་བརྟན་རེ་རེའི་སྐུ་ཚད་ཀྱང་ཐོག་ཚད་རེ་ཙམ་ཡོད་པ་དང༌། ཁྲི་དེའི་མདུན་དུ་རྗེ་རང་ཉིད་བཞུགས་ཤིང༌། མཆོད་པའི་ཚུལ་གྱིས་རྒྱལ་རྔ་ཞིག་བརྡུངས་པ་