R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༢༤
[A:༣༢༤]པ་ཆུ་ཁྱི་ཧོར་ཟླ་གསུམ་པ་ཉིས་བརྩེགས་ཀྱི་གསུམ་པ་སྔ་མའི་ཚེས་བཅུ་བདུན་རེས་གཟའ་ལྷག་པ་དང༌། སྐར་མ་ས་རི་འཛོམ་པའི་ཉི་དྲོས་སྦྲུལ་གྱི་སྟེང་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ཤིང༌། ཉི་ཟླའི་རླུང་དང་བྱང་སེམས་ཀྱི་སྟོབས་ཐམས་ཅད་རྩ་ཨ་བ་དྷཱུ་ཏིའི་ནང་དུ་བསྡུས་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པའི་ཚུལ་བསྟན་པར་གྱུར་ཏོ། །དེའི་ཚེ་ནམ་མཁའི་ཕྱོགས་བཞི་ནས་སྤྲིན་དཀར་པོ་སྣམ་བུ་བརྐྱངས་པ་ལྟ་བུ་བཞི་ནར་གྱིས་བྱུང་སྟེ་རྗེ་འདིའི་གཟིམ་ཆུང་གི་སྟེང་ངོས་ཀྱི་ནམ་མཁར་འདུས་ཤིང༌། དེ་ནས་ཕྱོགས་ཐམས་ཅད་ནས་སྤྲིན་མཆོད་པའི་གཟུགས་བརྙན་ཅན་མང་པོ་ནང་དུ་འདུ་བ་ཞིག་འདུག་ཅེས་གྲྭ་པ་ཁ་ཅིག་གིས་ཟེར་བ་དང༌། ཡང་གྲྭ་པ་ཁ་ཤས་ཀྱིས་ནི་འཇའ་ཁ་དོག་ལྔ་ལྡན་རྩ་བ་གཅིག་པ་ལྷོར་བསྟན་ཅིང༌། རྩེ་མོ་མང་པོར་གྱེས་པ་བྱང་ངོས་སུ་བསྟན་པ་ཞིག་ཤར་སོང་ཟེར་བ་དང༌། ཡང་བྱ་བྲལ་བ་ཁ་ཅིག་གིས་ནི་འཇའ་ཁ་དོག་ལྔ་ལྡན་རིང་ཐུང་གསུམ་ཤར་སོང་ཟེར་ཞིང༌། བདག་ཅག་གིས་ཟུར་ཙམ་མཐོང་བ་ལ་ནི་སྤྲིན་མཆོད་པའི་གཟུགས་བརྙན་ཅན་མང་པོ་ཕྱོགས་ཐམས་ཅད་ནས་ནང་དུ་ལྷགས་པ་ཞིག་ནི་ངེས་པར་འདུག་ཅིང༌། གང་ལྟར་ཡང་བདག་ཅག་རྣམས་ནི་མས་བུ་བོར་བ་བཞིན་དུ་སྡུག་བསྔལ་དྲག་པོས་ནོན་པར་གྱུར་རུང༌། བླ་མའི་ཐུགས་རྗེ་ལ་ནི་ཉེ་རིང་མེད་པ་དང༌། བྱིན་རླབས་ལ་འདུ་འབྲལ་མེད་པ་ཁོ་ན་རྒྱུ་མཚན་དུ་བྱས་ནས་རང་གིས་རང་ལ་སེམས་གསོ་བགྱི་བ་དང༌། རྗེ་རང་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལས་གཞན་པའི་ཐབས་ཟད་ཅིང༌། དེ་མ་ཐག་ནས་བཟུང་བདག་ཅག་དགེ་སློང་བཞིས་ཐུགས་དམ་མ་གྲོལ་གྱི་བར་དུ་རྗེ་རང་གིས་དུས་རྒྱུན་དུ་གསུངས་པའི་ཡི་དམ་གྱི་ལྷའི་སྒྲུབ་ཐབས་རྣམས་དང༌། གཏོར་བསྔོ་