[A:༡༨༤] རྣལ་འབྱོར་དབང་ཕྱུག་གི་སྲུང་བ་ཐུན་མོང་བའམ་བིར་སྲུང་ཕྱི་མའི་བྱིན་རླབས་སྒོམ་ལུང་དང་བཅས་པ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པའི་ལུང༌། ལམ་འབྲས་སུ་མི་གཏོགས་ཀྱང་ས་སྐྱ་པའི་ཐུག་དམ་ཆག་མེད་བཞིའི་ནང་ཚན་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང༌། དེའི་སྒྲུབ་ཐབས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བསྟོད་པ་དང་བརྒྱུད་འདེབས་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། བདག་འཇུག་དང་བྱིན་རླབས་བྱ་ཚུལ་ཐར་པཎ་གྱིས་མཛད་པ་བཅས་ཀྱི་ལུང༌། རྒྱབ་རྟེན་ལུང་དང་བསྟན་བཅོས་ཚད་མའི་སྐོར་ལ་ངག་དབང་བརྟན་རྡོར་གྱིས་མཛད་པའི་ལམ་འབྲས་ཀྱི་ཁྲིད་ཡིག །ཀྱེ་རྡོར་མན་ངག་ལུགས་ཀྱི་མངོན་རྟོག །ལུས་དཀྱིལ། དབང་ཆུ། གཏོར་ཆོག །རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པའི་ཆོ་ག །ཞི་རྒྱས་ཀྱི་སྦྱིན་སྲེག་རྣམས་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། ལས་ཕྱི་མ་གསུམ་གྱི་སྦྱིན་སྲེག་གི་ལྷན་ཐབས་ཐར་པཎ་གྱིས་མཛད་པ། སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་བསྟོད་པ་ཉི་ཤུ་པ། སྡེབ་སྦྱོར་དཎྜ་ཀའི་བསྟོད་པ་དང་དཀྱིལ་འཁོར་གྱི་བཀྲ་ཤིས་བཅས་རྗེ་བཙུན་རིན་པོ་ཆེས་མཛད་པ། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་རྒྱུད་ནས་ཕྱུང་བ། ཚོགས་འཁོར་གསང་བ་ཀུན་རྒྱན་ངོར་ཆེན་གྱིས་མཛད་པ། དུས་ཐ་མའི་ཆོ་ག་ཐར་པཎ་དང་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། རབ་གནས་དཔལ་འབྱོར་རྒྱ་མཚོ་དཀོན་མཆོག་དཔལ་ལྡན་པས་མཛད་པ། འཐོར་ནས་བསྒྲུབ་ཚུལ་ཐར་པཎ་གྱིས་མཛད་པ་རྣམས་ཀྱི་ལུང་དང་བཅས་པ་ལེགས་པར་གསན་ཏོ། །ངོར་ལུགས་ཐུན་མོང་མ་ཡིན་པ་གསུང་ངག་སློབ་བཤད་ཀྱི་སྐོར་ལ་རྗེ་བཙུན་རིན་པོ་ཆེས་མཛད་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བླ་མ་རྡོར་འཛིན་མ་དང༌། ཚར་ཆེན་གྱིས་མཛད་པའི་བརྒྱུད་འདེབས་དངོས་གྲུབ་རིན་པོ་ཆེའི་ཆར་འབེབས་ཁ་སྐོང་དང་བཅས་པའི་ལུང་བཅས་སྔོན་དུ་འགྲོ་བའི་སྒོ་ནས། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་