R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༩༣
[A:༡༩༣]མོང་མ་ཡིན་པ། དཀར་པོ་ཚེ་འཕེལ། སེར་པོ་རྒྱས་བྱེད། དམར་པོ་དབང་སྡུད། ནག་པོ་དགྲ་བགེགས་སྒྲོལ་བ་རྣམས་ཀྱི་རྗེས་སུ་གནང་བ་རྣམས་ལེགས་པར་གསན་པར་མཛད་དོ། །རྣམ་འདྲེན་དམ་པ་འབའ་དཔོན་པོ་ཀུན་དགའ་ཡེ་ཤེས་ཀྱི་དྲུང་ནས། བྱ་རྒྱུད་གཤེགས་རིགས་ཀྱི་ཡུམ་དུ་གཏོགས་པ་སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་གསན་ཅིང༌། དེ་ནས་བོད་ཆེན་པོའི་ལྗོངས་ཀྱི་འགྲོ་དོན་ལ་རྗེ་འདི་ལན་གཉིས་ཕེབས་པའི་དང་པོའི་སྐབས། མདོ་སྨད་བསྟན་འགྲོའི་དཔུང་གཉེན་དམ་པ་མི་ཉག་རི་ཁུད་མཆོག་སྤྲུལ་རིན་པོ་ཆེ་ཀུན་དགའ་མཁས་གྲུབ་དབང་པོ་མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཏུ་ཕེབས་པའི་ཚེ། རྗེ་དེའི་དྲུང་ནས་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་བློ་སྦྱོང་དོན་བདུན་མའི་ཉམས་ཁྲིད་ཟབ་མོ་ཤིན་ཏུ་ཞིབ་པ་དང༌། དེའི་ཡིག་ཆ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གིས་མཛད་པའི་བློ་སྦྱོང་ལེགས་བཤད་ཀུན་འདུས་ཀྱི་ལུང༌། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུབ་པ་གནས་བརྟན་བཅུ་དྲུག་གི་རྗེས་སུ་གནང་བ་དང༌། རྒྱ་གར་དམ་པ་སངས་རྒྱས་ནས་བརྒྱུད་པའི་འཇམ་དཔལ་སྨྲ་བའི་སེང་གེའི་རྗེས་སུ་གནང་བ་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་འཕགས་པ་ཀུན་ནས་སྒོར་འཇུག་པ་གཙུག་ཏོར་དྲི་མེད་ལྷ་ལྔའི་དཀྱིལ་འཁོར་དུ་རིག་གཏད་ཟབ་མོ་དང༌། དེའི་དཀྱིལ་ཆོག་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པ། གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀླག་པ་དང༌། མཆོད་རྟེན་བཞེངས་པའི་ཆོ་གའི་ལག་ལེན་ཁྲིགས་ཆགས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། མཆོད་རྟེན་བཞེངས་ཚུལ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་རྣམས་ཀྱི་ལུང་དང་བཅས་པ། གཙུག་ཏོར་གདུགས་དཀར་ལྷ་ཉེར་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། བྱ་རྒྱུད་པདྨའི་རིགས་ཀྱི་