R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༠༨
[A:༢༠༨]རྗེས་གནང་ཚེ་དབང་དང་འབྲེལ་བ་ཡིག་ཆའི་ལུང་དང་བཅས་པ་གསན་པ་དང༌། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭར་སྔ་ཕྱིར་ལན་མང་དུ་ཕེབས་པའི་སྐབས་ཆོས་ཀྱི་བདུད་རྩི་གསན་པའང༌། ཡབ་རྗེ་གྲུབ་པའི་དབང་ཕྱུག་ཁྲི་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོའི་དྲུང་ནས། སློབ་དཔོན་ཛེ་ཏཱ་རིས་བཀྲལ་བའི་བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ལྷ་དགུའི་དབང་དང༌། སྤྱོད་རྒྱུད་གཤེགས་རིགས་ཀྱི་བདག་པོར་འཇམ་དབྱངས་དམར་སེར་དཔའ་བོ་གཅིག་པའི་རྗེས་སུ་གནང་བ་དང༌། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་བསྐུར་བ་དང༌། ཚར་ཆེན་གྱིས་མཛད་པའི་ལམ་འབྲས་སློབ་བཤད་ཀྱི་བརྒྱུད་འདེབས་ཁ་སྐོང་དང་བཅས་པའི་ལུང་དང༌། རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་ཚེ་སྒྲུབ་མདའ་འཕེལ་མའི་དབང་བཅས་དང༌། ལུང་རྟོགས་བསྟན་པའི་མངའ་བདག་འཇམ་མགོན་ཀུན་དགའ་རྒྱལ་མཚན་གྱི་དྲུང་ནས། ཐུབ་དབང་གནས་བརྟན་བཅུ་དྲུག་གི་རྗེས་སུ་གནང་བ་དང༌། ཇོ་བོ་ལུགས་ཀྱི་དམེ་བརྩེགས་ལྗང་ནག་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་ཁྲུས་དང་བཅས་པ། གྲུབ་ཆེན་ལཱུ་ཧི་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཀྱེ་རྡོ་རྗེའི་མན་ངག་ལུགས་ཀྱི་དབང་དང༌། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལམ་འབྲས་ཀྱི་སྐོར་གསུང་ངག་ཁོག་ཕུབ། སྔོན་འགྲོ་སྣང་གསུམ་དང༌། དངོས་གཞི་རྒྱུད་གསུམ་གྱི་ཁྲིད། དམ་ཚིག་རྣམ་བཤད། ཕྱི་དཀྱིལ་དང༌། ལུས་དཀྱིལ་རྣམ་བཤད། སེམས་བསྐྱེད་ཆོ་ག །སློབ་མ་རྗེས་འཛིན། ཚར་གསུམ་ཁུག་པའི་བྱིན་རླབས། ལམ་དབང་གི་མཐའ་དཔྱད་དང་ཟུར་འདེབས། ཨཥྟའི་བཟླས་ལུང༌། བིར་སྲུང་བྱིན་རླབས་ངོར་ཆེན་གྱིས་མཛད་པར་ཟུར་འདེབས་དང་བཅས་པ། བདག་མེད་མ།