R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༠༩
[A:༢༠༩] ལམ་ཟབ་ཕྱི་ནང༌། བླ་མ་རིན་འབྱུང༌། བརྡ་དོན་གསལ་བ། ལམ་སྦས་བཤད། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ་རྣམས་ཀྱི་བྱིན་རླབས་བྱ་ཚུལ་མཐའ་དཔྱད་དང་བཅས་པ། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། བིར་སྲུང་ནང་མའི་བྱིན་རླབས། ལམ་འབྲས་ལུགས་ཀྱི་མགོན་རྐྱང་གི་རྗེས་གནང་བྱ་ཚུལ་རྣམས་ཀྱི་ལུང་དང་བཅས་པ་དང༌། སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་གྱི་དྲུང་ནས། ངག་དབང་ཀུན་དགའ་བློ་གྲོས་ཀྱི་ཡིག་ཆ་ལྟར་གཏེར་སྟོན་རྒོད་ལྡེམ་ཅན་གྱིས་ཟབ་གཏེར་ནས་སྤྱན་དྲངས་པའི་ཚེ་དཔག་མེད་ལྕགས་སྡོང་མའི་དབང་བསྐུར་བ་ཕྱག་ལེན་ཤིན་ཏུ་རྒྱས་པའི་ལུགས་དང༌། ལམ་འབྲས་བླ་མཆོད་དངོས་གྲུབ་རིན་པོ་ཆེའི་བང་མཛོད་ཚར་ཆེན་ཡབ་སྲས་ཀྱིས་མཛད་པ་དང༌། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྣམ་ཐར་ཚར་ཆེན་གྱིས་མཛད་པ། དེས་མཛད་པའི་བླ་མ་ལྔ་བཅུ་པའི་འགྲེལ་པ། དེས་མཛད་པའི་རྡོ་རིངས་པའི་སྐུ་བསྟོད་མཐའ་ཡས་མ་དང༌། བདག་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་ཚར་ཆེན་གྱི་མཛད་པ་ནས། ཞྭ་ལུ་མཁན་ཆེན་གྱི་རྣམ་ཐར་ལྔ་པ་རིན་པོ་ཆེས་མཛད་པའི་བར་གྱི་ལམ་འབྲས་སློབ་བཤད་ལུགས་ཀྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར་གྱི་ལུང་རྣམས་དང༌། འཇམ་མགོན་ངག་གི་དབང་པོ་རྡོ་རྗེ་རིན་ཆེན་གྱི་དྲུང་ནས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བླ་མ་ས་སྐྱ་པ་ཆེན་པོ་ལ་དངོས་སུ་གནང་བའི་བློ་སྦྱོང་ཞེན་པ་བཞི་བྲལ་ཀྱི་ཁྲིད་དང༌། སྒྲོལ་དཀར་འོད་ཟེར་དྲུག་སྦྲག་གི་རྗེས་གནང་ཐུན་མོང་མ་ཡིན་པ་དང༌། རྡོ་རྗེ་འཇིགས་བྱེད་ས་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། རྭ་ཚར་གཉིས་ཀྱི་བཞེད་པ་ཐུན་མོང་མ་ཡིན་པ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དཔྱལ་པའི་ལུགས་