[A:༢༡༠]ཀྱི་ཕག་མོ་བདེན་གཉིས་མ་དང༌། དབུ་བཅད་མ་དང༌། དོན་གྲུབ་མ་སྟེ་གསུམ་གྱི་བྱིན་གྱིས་བརླབས་པ་དང༌། རོང་སྟོན་སྨྲ་བའི་སེང་གེ་ལ་གྲུབ་ཆེན་ཏི་ཕུ་པས་སྩལ་བའི་ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་དང༌། བརྒྱུད་འདེབས་ཚར་ཆེན་གྱིས་མཛད་པའི་ལུང༌། དཔལ་ཀྱེ་རྡོ་རྗེ་ཌོམྦི་ལུགས་ལྷ་དགུ་དང༌། མཚོ་སྐྱེས་ལུགས་ཀྱི་ཀྱེ་རྡོ་རྗེ་ལྷ་དགུ་དང༌། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་ཀྱི་དཔལ་ཀྱེ་རྡོ་རྗེ་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་དང་བཅས་པ་རྣམས་དང༌། གྲུབ་ཆེན་བིརྺ་པས་ནག་པོ་པ་ལ་སྩལ་བའི་ཀྱེ་རྡོ་རྗེ་མན་ངག་ལུགས་ཏེ་ཀྱེ་རྡོར་བཀའ་བབས་བཞིར་གྲགས་པ་རྣམས་ཀྱི་དབང་བསྐུར་བ་དང་བཅས་པ་དང༌། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་བཀྲ་ཤིས་རིན་ཆེན་ལས། དཔལ་ས་སྐྱ་པའི་གསེར་ཆོས་མཆོག་བསྒྲུབས་པས་ཐུན་མོང་ཞར་ལས་འབྱུང་བ་དམར་མོ་སྐོར་གསུམ་གྱི་དཔེ་བུམ་རྨོར་ཆེན་ཆོས་ཀྱི་རྒྱལ་པོས་བསྒྲིགས་པ་དང༌། དེའི་ཁ་སྐོང་གི་སྐོར་དང་བཅས་པ། ས་སྐྱ་པའི་གསེར་ཆོས་ཐུན་མོང་བསྒྲུབས་པས་མཆོག་ཞར་ལས་འབྱུང་བ་དམར་པོ་སྐོར་གསུམ་གྱི་དཔེ་བུམ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་བསྒྲིགས་པ་དང༌། དེའི་ཁ་སྐོང་འཇམ་མགོན་ཀུན་བློས་བསྒྲིགས་པ་རྣམས་ཀྱི་ལུང་དང༌། རྗེ་བཙུན་མཁའ་སྤྱོད་དབང་མོ་འཆི་མེད་བསྟན་པའི་ཉི་མ་ལས། ངག་དབང་མཆོག་ལེགས་རྡོ་རྗེའི་ཡིག་སྟེང་ནས་སེང་གདོང་དམར་མོའི་རྗེས་གནང་ལུང་དང་བཅས་པ། གསེར་ཆོས་སེང་གདོང་སྔོན་མོའི་ལས་ཚོགས་རྣམས་ཀྱི་ལུང་དང༌། འཇམ་མགོན་དངོས་གྲུབ་དཔལ་འབར་གྱི་དྲུང་ནས། འཇམ་དཀར་མ་ཏི་ལུགས་ཀྱི་རྗེས་སུ་གནང་བ་དང༌། ཀུན་དགའ་རིན་ཆེན་གྱིས་མཛད་པའི་ཚེ་དབང་གྲུབ་རྒྱལ་མའི་ཡིག་ཆའི་ལུང་རྣམས་གསན་ཏེ་མདོར་ན་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་དོ། །དེ་ལྟར་གསན་པའི་ཆོས་རྣམས་ཀྱང་ཐོས་ལོ་ཙམ་དུ་མ་བཞག་པར་བསམས་པ་ལས་བྱུང་བའི་