R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༡༥
[A:༢༡༥]རིན་ཆེན་ཆོས་མཛོད་པ་སྟེ་གསུམ་མཁན་པོར་འོས་ཤིང༌། དེའི་ནང་ནས་ཀྱང་སྤངས་པ་དང་རྟོགས་པའི་ཡོན་ཏན་གང་ལ་གཞིག་ཀྱང་རྗེ་འདི་ཁོ་ན་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་བ་ཞིག་བྱུང་ན་ཕན་བདེའི་ཉི་མ་གསར་དུ་འཆར་བར་འགྱུར་རོ་ཞེས་གླེང་བར་བྱེད་ཅིང་གནས་ཚུལ་དེ་བཞིན་དཔལ་ས་སྐྱའི་ཁྲི་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོའི་གསེར་སྙན་རིན་པོ་ཆེར་གསོལ་བ་ན། སྤྱིར་དུས་གསུམ་གཟིགས་པ་རྣམས་ཀྱིས་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མི་ཆུད་པ་ནི་ཅིའང་སྲིད་པ་མ་ཡིན་མོད། འོན་ཀྱང་ལེགས་པར་བརྟགས་ཤིང་དཔྱད་པའི་སྒོ་ནས་བོད་ཁ་བ་ཅན་གྱི་གནམ་སའི་ཁྱོན་ལ་དབང་སྒྱུར་བའི་གཞུངས་དགའ་ལྡན་ཕོ་བྲང་པ་ཆེན་པོར་རྒྱུ་མཚན་རྣམས་སྙན་གསན་ཕུལ་བ་ན། རྒྱལ་ཁབ་ཆེན་པོ་དེ་ཉིད་ནས་ཀྱང་རྗེ་འདི་ལ་ཁྱོད་ཀྱིས་དཀའ་ཚེགས་ལ་མི་བལྟ་བར་རྣམ་དཔྱོད་ཀྱི་དཔུང་པས་ཀུན་མཁྱེན་ཨེ་ཝཾ་པ་ཆེན་པོའི་བསྟན་པའི་ཁུར་ཆེན་པོ་དེ་ལོངས་ལ། སྤྱི་དང་བྱེ་བྲག་གིས་བསྡུས་པའི་བསྟན་པ་རིན་པོ་ཆེའང་ཉི་འོད་ཀྱིས་རེག་པའི་པདྨོ་བཞིན་དུ་རྒྱས་པར་བྱ་བ་དང༌། འོས་སུ་གྱུར་པའི་གདུལ་བྱ་རྣམས་ཀྱང་འཁོར་བ་དང་ངན་སོང་གི་གཡང་ས་ལས་སྒྲོལ་ལ། རྣམ་པར་གྲོལ་བའི་ནོར་བུའི་ཁང་བཟང་ཉིད་དུ་འཁྲིད་ཅིག་ཅེས་པའི་བཀའ་སྩལ་གཉན་པོ་ཛམྦུ་ཆུ་བོའི་གསེར་གྱི་ཅོད་པན་ལྟ་བུ་ཤིན་ཏུ་ལྕི་ཞིང་གཟི་བརྗིད་ཆེ་བ་དག་སྩལ་བ་དང་ལྷན་ཅིག །ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེས་ཀྱང་དེ་ལྟར་བགྱིད་དགོས་པའི་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་ལྟ་བུ་ཤིན་ཏུ་ལྕི་བར་ཕེབས་པ་དང༌། ངོར་གྱི་བླ་གྲ་ཚང་མས་ཀྱང་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས། སྤྱིར་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཀྱང་སྒྲོལ་བར་མ་ནུས་པའི་སྙིགས་མའི་སེམས་ཅན་ཤིན་ཏུ་མ་རུངས་པ་རྣམས་ཀྱི་ཁྲོད་འདིར། བསྟན་པ་དང་སེམས་ཅན་ལ་ཕན་པ་བསྒྲུབ་པ་ཤིན་