[A:༤༦༢]སྐྱ་པ་རྣམས་ཀྱི་ཐུགས་དམ་གྱི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་ཀྱི་སྨིན་གྲོལ་ཆ་ལག་ཡོངས་སུ་རྫོགས་པ་ལན་ཅིག་སྩལ་བ་དང༌། ཡང་བདག་གིས་གསོལ་བ་བཏབ་པའི་ངོར་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་ཀྱི་སྨིན་གྲོལ་ཆ་ལག་ཡོངས་སུ་རྫོགས་པ་ལན་ཅིག་བཀའ་དྲིན་ཆེན་པོའི་སྒོ་ནས་སྩལ་བས་མཚོན་སྔ་ཕྱིར་ཆོས་ཀྱི་བདུད་རྩི་རིགས་པར་སྩལ་བ་དང༌། གཞན་ཡང་མང་དུ་ཐོས་པ་ལ་ངོམས་པ་མེད་པའི་བདག་ཉིད་ཆེན་པོ་འདིས་ནི་གཅེན་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་དང༌། ཌོམྦི་ལུགས་དང༌། མཚོ་སྐྱེས་ལུགས་དང༌། ནག་པོ་ལུགས་ཀྱི་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྔོན་དུ་འགྲོ་བའི་སྒོ་ནས་ཤིན་ཏུ་སྤྲོས་པ་མེད་པའི་ཁྲིད་ཡོངས་སུ་རྫོགས་པ་དང༌། བྱ་རྒྱུད་གཤེགས་རིགས་ཀྱི་ཡུམ་དུ་གཏོགས་པ་སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་སྔགས་ཕྱོགས་ཀྱི་སྐོར་བཀའ་འབུམ་པུསྟ་ཀ་བཞི་དང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོས་བསྒྲིགས་པའི་འདོད་ཁམས་དབང་ཕྱུག་དུད་སོལ་མའི་དཔེ་བུམ་རྣམས་ཀྱི་ལུང་བཅས་གསན་པ་དང༌། བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཆེན་པོ་མདོ་སྔགས་བསྟན་པའི་སྲོག་ཤིང་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་དྲུང་ནས། བྱ་བའི་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ནང་ཚན་གཙུག་ཏོར་དྲི་མ་མེད་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་འབུམ་པུསྟ་