[A:༤༧༡]བརྩེའི་དབང་པོའི་ཞལ་སྔ་ནས་དང༌། རབ་འབྱམས་སྡེ་སྣོད་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཀུན་མཁྱེན་ཨེ་ཝྃ་པ་ཆེན་པའི་བསྟན་པ་ཉིན་མོ་ལྟར་མཛད་པ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་བམ། མཚན་གཞན་ངག་དབང་བློ་གྲོས་སྙིང་པོ་གཞན་ལ་ཕན་པ་མཐའ་ཡས་པའི་འོད་ཟེར་དུ་གྲགས་པའི་ཞས་སྔ་ནས་དང་གཉིས་སོ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བའི་ཨེ་ཝྃ་པའི་བསྟན་འཛིན་ཆེན་པོ་བཅུ་ནི། གསང་ཆེན་གདམས་པ་རྒྱ་མཚོས་འགྲོ་བ་རྣམས་སྨིན་གྲོལ་ལ་འགོད་པ་ཕན་ཁང་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་པ་དང༌། མཁྱེན་བརྩེ་ནུས་པའི་མངའ་བདག་ཁང་གསར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་པ་དང༌། ད་ལྟ་ཨེ་ཝྃ་པའི་ཆོས་ཀྱི་ཁྲི་ལ་ཞབས་སེན་རྣམ་པར་བཀོད་པའི་རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་ཁང་སར་མཁན་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་པ་དང༌། རྗེ་རང་གི་སྐུའི་དབོན་པོ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པ་དང༌། ལུང་རིག་སྨྲ་བའི་དབང་ཕྱུག་ཀླུ་ལྡིངས་ཞབ་དྲུང་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་རྒྱལ་མཚན་པ་དང༌། གསང་ཆེན་གདམས་པའི་གཏེར་མཛོད་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་པ་དང༌། མཁས་བཙུན་བཟང་པོའི་གཏེར་གྱུར་ཕན་ཁང་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་པ་དང༌། བསྟན་པའི་གསལ་བྱེད་དམ་པ་ཁང་གསར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ་པ་དང༌། རྗེ་རང་གི་སྣག་དབོན་ཐར་རྩེ་ཞབས་དྲུང་ངག་གི་དབང་ཕྱུག་འཇམ་དབྱངས་རིན་ཆེན་རྡོ་རྗེ་པ་དང༌། ཆོས་སྤྱན་ཡངས་པ་གདོང་ཚང་ཞབས་དྲུང་རྣམས་སོ། །ཆེ་རྒུ་མང་པོའི་གཙུག་ཏུ་