R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༧༥
[A:༤༧༥]བཞེས་རྣམ་པར་དག །རང་གིས་ཇི་ལྟར་གཟིགས་བཞིན་འདོམས་མཛད་ཕྱིར། །མཁས་རྣམས་དགྱེས་པ་སྐྱེད་དེར་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་རྗེ་བཙུན་ཨེ་ཝྃ་པའི། །བཤད་དང་སྒྲུབ་པའི་དཔལ་ལ་དབང་འབྱོར་བཞིན། །རིས་མེད་ཐུབ་པའི་བསྟན་དང་དེ་འཛིན་ལ། །དག་པའི་སྣང་བ་རྒྱས་དེར་གསོལ་བ་འདེབས། །བླ་མ་ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང༌། །སྤངས་དང་རྟོགས་པའི་ཡོན་ཏན་མཐའ་ཀླས་ཀྱང༌། །ཁེངས་དང་དྲེགས་པ་མཐའ་དག་རིང་བཏང་བའི། །རྣམ་ཐར་མཚུངས་པ་མེད་དེར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། སྤྱིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་གངས་རིའི་ཁྲོད་ཀྱི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་འདིས་ནི། སྡེ་སྣོད་གསུམ་གྱི་ཉམས་སུ་བླང་བྱ་བསླབ་པ་རིན་པོ་ཆེ་རྣམས་ལ་ཉམས་བཞེས་སྙིང་པོར་མཛད་པ་ལ་བརྟེན་ནས། སྤངས་པ་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་པར་གདོན་མི་ཟ་ནའང༌། དེ་དག་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བརྗོད་པར་དཀའ་ན། བདག་ལྟ་བུའི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ཆ་ཤས་ཙམ་ཡང་ཤེས་པར་ག་ལ་ནུས། འོན་ཀྱང་བདག་ཅག་ཐ་མལ་པ་རྣམས་ཀྱི་ངོར་ཇི་ལྟར་སྣང་བའི་ཚུལ་ཆ་ཤས་ཙམ་བསྙད་ན། སྐུ་ཚེ་སྔ་མ་རྣམས་སུ་ལེགས་བྱས་ལ་གོམས་པ་བརྟས་པའི་ཤུགས་ཀྱིས་སྐུ་ཚེ་འདིར་ཡང་དང་པོ་ནས་རང་བཞིན་གྱིས་ཞི་ཞིང་དུལ་ལ་བག་དང་ལྡན་པའི་སྒོ་ནས་ཁ་ན་མ་ཐོ་བ་ཅིའང་མི་མཛད་ཅིང༌། དེ་ལ་བརྟེན་ནས་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་ཀྱང་བྱིས་པ་འདི་ཤིན་ཏུ་བཙུན་པ་ཞིག་འདུག་ཅེས་ཡང་ཡང་བཀའ་སྩལ་པ་ཞིག་ཡིན་ན། སྐུ་ནར་སོན་ཞིང་ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་