R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༠༤
[A:༥༠༤] དེའི་སྟེང་དར་ཁ་བསོད་ཀྱི་ཚབ་ར་བཅས་ཕུལ་བ་དང༌། ལས་ཚན་སོ་སོར་ཡང་སྔ་ཚོགས་དང་ཕྱི་ཚོགས་བཅས་སུ་རྣམ་གཞག་གང་ཟབ་དང༌། དེ་ཉིན་མཁན་རིན་པོ་ཆེ་ཁྲི་ཐོག་པ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་ཕེབས་པའི་འབུལ་བར་གསེར་ཟངས་ལས་གྲུབ་པའི་སྟོན་པ་དང༌། རྡོར་དྲིལ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན། དར་རས་ལིང་གོས་ཆེན་མགོ་སྣམ་ལ་སོགས་པ་ཚན་གྲངས་ཀྱི་རིགས་ཤིན་ཏུ་མང་པོ། ཇ་འཁོར་དྲུག་གཉིས། ཤིང་ཐོག་དང་འབྲས་དོས་ལ་སོགས་པ་ཟབ་པར་ཕུལ་བ་དང༌། གཞན་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་རིན་པོ་ཆེའི་མདུན་ལྗགས་བསྔོ་ཞུ་མཚོན་སྟོན་པའི་གསེར་སྐུ་དང༌། རྡོར་དྲིལ་ཐེག་ཆེན། མགོ་སྣམ་གྱོན་འདང༌། ལྗོན་ཇ་འཁོར་གཉིས། རྟ་ཕོ་གཅིག །འབྲས་ལྟང་སོགས་ཕུལ་བ་དང༌། ཡོངས་འཛིན་དང༌། སྔགས་ཆེན་དང༌། ཟུར་བཞི་བཅས་ཀྱི་བླ་མ་སོ་སོར་ལྗགས་བསྔོ་ཞུ་མཚོན་གྱི་འབུལ་བ་དང༌། དགོན་དེའི་འདུ་ཁང་དང་ལྷ་ཁང་གཙོ་ཆེ་གྲས་རྣམས་སུ་རྣམ་ལྔ་བརྒྱ་མཆོད་དང༌། དེ་བྱིང་གི་ལྷ་ཁང་རྣམས་སུའང་མཆོད་འབུལ་ཅུང་ཟད་དང་བཅས་པ། ཚོགས་ཆེན་ལ་མང་ཇ་དང༌། དེའི་ནང་ཚན་ཁྲོན་སྦུག་མི་ཚན་ལ་མང་ཇ་བཅས་ཟབ་པ་དང༌། ཁྱད་པར་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཁྲི་ ཆེན་ཐམས་ཅད་མཁྱེན་པ་ངག་དབང་བཀྲ་ཤིས་རིན་ཆེན་གྱི་སྤྱན་སྔར་ལྗགས་བསྔོ་ཞུ་མཚོན་སྟོན་པའི་གསེར་སྐུ་དང༌། རྡོར་དྲིལ། དར་གོས་ལ་སོགས་པའི་ཚན་གྲངས་དང༌། དངུལ་ཊམ་སྲང་ལྔ། ཇ་འཁོར་གཉིས་སོགས་དང༌། སྐྱབས་མགོན་དངོས་གྲུབ་དཔལ་འབར་དང༌། ངག་དབང་རྡོ་རྗེ་རིན་ཆེན་དང༌། འཇམ་མགོན་ཀུན་དགའ་བསོད་ནམས་བཅས་སོ་སོའི་མདུན་དུ་རྡོར་དྲིལ། དངུལ་ཊམ་སྲང་གསུམ་རེ། ཇ་འཁོར་དྲུག་རེ་རེ་བཅས་ཕུལ་བ་དང༌། གདུང་སྲས་ཆུང་བ་གཉིས་སོ་སོར་རྡོར་དྲིལ་དང༌། བཟང་ཇ་སྦག་གཉིས་རེ། དངུལ་ཊམ་སྲང་དོ་རེ་བཅས་ཕུལ་བ་དང༌། རྗེ་བཙུན་མ་མགྲེས་གཞོན་བཅུ་