R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༢༠
[A:༥༢༠]ཕུལ་བྱུང་བྱམས་དང་སྙིང་རྗེའི་ཕྱག་ནི་རིང་པོར་རྐྱོང་པའི་རོལ་རྩེད་ཀྱིས། །ཐེག་གསུམ་དམ་པའི་ཆོས་ཀྱི་རྔ་ཆེན་རྒྱུན་ཆད་མེད་པར་བརྡུངས་པའི་སྒྲས། །འགྲོ་ཀུན་མ་རིག་གཉིད་ལས་བསླངས་ཏེ་ཐར་པའི་གྲོང་དུ་བཀྲི་བར་གསོལ། ༡༡ །གང་ན་དམ་ཆོས་སྣང་བ་གསར་པས་འཁོར་བའི་མུན་པ་སྙིལ་བྱེད་ཅིང༌། །དགེ་ལེགས་མཐའ་དག་ཅིག་ཅར་སྦྱིན་པའི་རྣམ་འདྲེན་ད་ལྟ་བཞུགས་པ་ཀུན། །སླར་ཡང་གསང་གསུམ་ཚེ་དཔག་མེད་ལྟར་བསྐལ་པ་ཞིང་གི་རྡུལ་རྙེད་པར། །འཚོ་གཞེས་ཆོ་ག་རབ་ཏུ་བརྟན་པའི་དགའ་སྟོན་ཆེས་ཆེར་དར་བར་ཤོག ༡༢ །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་མཚན་ཙམ་ཞིག་ཀྱང་ཐོས་དཀའ་ན། །ཕྱོགས་རེའི་རྣམ་ཐར་ཅུང་ཟད་བརྗོད་པའང་སྔོན་བསགས་མཐུ་ལས་རྙེད་པ་སྟེ། །དེ་སླད་དད་དང་སྤྲོ་བ་མཆོག་གིས་ལེགས་སྤྱད་དོན་ལྡན་འདི་སྤེལ་བའི། །དགེ་ཚོགས་དྲི་མེད་ཁ་བ་དུང་དང་ཀུ་མུ་དཱ་ལྟར་དཀར་བས་མཚོན། ༡༣ །འཁོར་དང་མྱང་འདས་གཉིས་ཀྱིས་བསྡུས་ཤིང་དུས་གསུམ་ཀུན་ཏུ་བསགས་པ་ཡི། །ལུས་ངག་ཡིད་དང་རྗེས་སུ་འབྲེལ་བའི་དགེ་བའི་རྩ་བ་ཇི་སྙེད་པ། །གཞན་ཕན་སེམས་དང་འཁོར་གསུམ་མི་རྟོག་ཤེས་རབ་ཟབ་མོའི་ཐབས་མཁས་ཀྱིས། །བླ་ན་མེད་པའི་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བའི་གཡར་དམ་ལེན། ༡༤ །དེ་མཐུས་ཕན་དང་བདེ་བའི་རྩ་ལག་ལུང་དང་རྟོགས་པས་བསྡུས་པ་ཡི། །ཐུབ་པའི་དབང་པོའི་བསྟན་པ་སྤྱི་དང་བྱེ་བྲག་རྗེ་བཙུན་ས་སྐྱ་པའི། །རིང་ལུགས་འཁྲུལ་པའི་དྲི་མ་ཀུན་ཟད་འཁོར་བ་མ་སྟོངས་དེ་སྲིད་དུ། །དབྱར་གྱི་མཚོས་ཀྱང་འགྲན་དུ་མེད་པར་ཕྱོགས་དུས་ཀུན་ཏུ་རྒྱས་པར་ཤོག ༡༥ །དེ་འཛིན་སྔོན་བྱོན་དམ་པར་རྣམས་ཀྱི་ཟབ་དགོངས་དབྱིངས་སུ་རྫོགས་གྱུར་ཅིང༌། །ད་ལྟ་བཞུགས་པའི་སྐྱེས་ཆེན་ཀུན་ཀྱང་ནམ་མཁའ་ཇི་སྲིད་གནས་ཀྱི་བར། །གསང་གསུམ་འཚོ་གཞེས་རབ་ཏུ་བརྟན་ཅིང་མཁས་པའི་བྱ་བ་རྣམ་གསུམ་གྱིས། །ས་གསུམ་ཀུན་དགའི་