R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༨
[A:༥༦༨]སྡེའི་མཁྱེན་རབ་ཀྱི་ཆུ་གཏེར་ལས་བྱུང་བའི་ཟབ་ཁྲིད་བརྒྱ་དང་བརྒྱད་ཡོངས་སུ་རྫོགས་པ་པོད་དབང་གི་སྒོ་ནས་བྱིན་གྱིས་བརླབ་པ་དང་ཡིག་ཆའི་ལུང་བཅས། བོད་ཡུལ་གྲུབ་རིགས་རྒྱ་མཚོའི་གཙུག་གི་རྒྱན་གཅིག་པུ་མི་ལ་བཞད་པ་རྡོ་རྗེའི་ཐུགས་དམ་གྱི་ཡང་སྙིང་དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་ཡིད་བཞིན་ནོར་བུའི་སྐོར་གྱི་བརྒྱུད་པ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ཀྱིས་ངེས་ཤེས་བསྐྱེད་པ་སོགས་སྔོན་དུ་འགྲོ་བའི་སྨིན་ལམ་ཡིད་བཞིན་ནོར་བུ་དབང་གི་རིམ་པ་དང༌། གྲོལ་ལམ་ཡིད་བཞིན་ནོར་བུ་ཁྲིད་ཀྱི་རིམ་པ་དང༌། དེ་དག་གི་རྒྱབ་རྟེན་ལུང་གི་རིམ་པ་སྟེ་གསུམ་གྱི་སྒོ་ནས་རས་ཆུང་སྙན་བརྒྱད་དུ་གྲགས་པའི་སྐོར་རྣམས་གསན་ཡིག་ཏུ་བཞུགས་པ་བཞིན་ལེགས་པར་གསན། ཚེ་སྒྲུབ་འཆི་མེད་བུ་སྟོན་གོང་ཁུག་མའི་རིགས་ལྔའི་ཚེ་དབང་དང༌། དེའི་ཡིག་ཆའི་སྐོར་གྱི་ལུང་སོགས་གཞན་ཡང་ལུང་ཕྲན་མང་དུ་གསན་ནོ། །ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་བཀའ་འབུམ་ལུང་རྒྱུན་ཡོད་རིགས་དང༌། ཁྲོ་ཕུ་པའི་མན་ངག་བརྒྱ་རྩ་འབྲིང་པོའི་ལུང༌། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཆོས་སྐོར་སྐྱོ་པོད་པུསྟི་གཉིས་ཀྱི་ལུང༌། རྟ་ར་བ་ཀུན་དགའ་ལེགས་གྲུབ་ཀྱིས་མཛད་པའི་ལམ་འབྲས་གླེགས་བམ་པོད་སྔོན་དུ་གྲགས་པའི་ལུང་ཡོངས་རྫོགས། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེའི་གཏེར་བྱོན་གུ་རུའི་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་སྐོར་གྱི་ལུང༌། ནོར་བུ་བསྟན་པ་སྤྱིའི་དབང༌། དེའི་ཁྲིད། བཅུ་གཅིག་ཞལ་དཔལ་ལུགས་མཁའ་མཁའ་འགྲོ་ལྔ་སྐོར་གྱི་དབང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དུག་དབང་རྨ་བྱ་རྒྱས་པ། སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་རྗེས་གནང༌། འཕགས་པ་འོད་ཟེར་དྲི་མ་མེད་པ་ཐུབ་དབང་ལྷ་བདུན་པའི་དབང༌། གཙུག་ཏོར་དྲི་མེད་ལྷ་ལྔའི་དབང༌། གུར་གྱི་མགོན་པོ་སྤྲིན་ཞབས་མའི་རྗེས་གནང༌།