R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༩
[A:༥༦༩] སྒྲ་མི་སྙན་གྱི་ཚེ་དབང་ཟབ་མོ། འཇམ་དཔལ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་ལྷ་ཉིས་བརྒྱ་ཉི་ཤུ་རྩ་དགུའི་དཀྱིལ་འཁོར་ལྔའི་དབང་བསྐུར་བ། གཏེར་ཆེན་ཆོས་རྗེ་གླིང་པའི་གཏེར་བྱོན་དཔལ་ཡང་དག་བདེ་ཆེན་སྙིང་པོའི་མཚན་མའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། དཔལ་ས་སྐྱའི་ཡབ་ཆོས་ཡང་དག་ཧེ་རུ་ཀ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་མཐའ་རྟེན་དང་བཅས་པ། སྤྲུལ་པའི་གཏེར་སྟོན་བཟང་པོ་གྲགས་པས་རུ་ལག་གྲོམ་པ་རྒྱང་གི་ལྷ་ཁང་ནས་སྤྱན་དྲངས་པའི་གསོལ་འདེབས་ལེའུ་བདུན་མ་དང༌། བསམ་པ་ལྷུན་གྲུབ་མའི་ལུང་བཅས་ལེགས་པར་གསན་ནོ། །མདོ་སྔགས་བསྟན་པའི་སྲོག་ཤིང་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ངག་དབང་ལེགས་གྲུབ་ཀྱི་ཞལ་སྔ་ནས་དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་གུར་ལས་གསུངས་པའི་མཁའ་འགྲོ་ལྔ་རིགས་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། བཤད་རྒྱུད་ཐུན་མོང་བ་སམྦུ་ཊ་ལས་གསུངས་པའི་རྡོ་རྗེ་དབྱིངས་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ། འཕགས་པ་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་སྒྲུབ་པའི་རྗེས་གནང་སྔོན་དུ་འགྲོ་བའི་སྤྱན་རས་གཟིགས་ཀྱི་དམར་ཁྲིད་ཚེམས་བུ་ལུགས་ཀྱི་ཡིག་ཆའི་སྐོར་གྱི་ལུང་དང་བཅས་པ། དཔལ་ལྡན་དོན་གྲུབ་ཀྱི་ཡིག་སྟེང་ནས་སྒྲོལ་མ་དམར་མོའི་རྗེས་གནང༌། རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཐུན་མོང་མ་ཡིན་པ་ཀུ་རུ་ཀུལླེ་ལྷ་ལྔའི་དབང༌། དེའི་ཕྱི་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་དང༌། ཡང་ངོར་ལུགས་ཀྱི་རྗེས་གནང་བཅས། ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔའི་བྱིན་རླབས། ཚོགས་བདག་དམར་ཆེན་གྱི་རྗེས་གནང་ངོར་ལུགས་དང༌། ཐུན་མོང་མ་ཡིན་པ། དམར་ཆེན་ཁྱད་པར་བ། ཆགས་པའི་རྡོ་རྗེ། ཇོ་ལུགས་ཚོགས་བདག་དཀར་པོ། གཉན་ལོའི་དབང་གི་ལྷ་དམར་ཆུང་སྐོར་གསུམ། འདོད་པའི་རྒྱལ་པོའི་རྗེས་གནང༌།