[A:༦༡༥]དུ་གཤེགས་པའི་སྐབས་སུ་སྨོས་པ་ལྟར་ཤིན་ཏུ་རྒྱས་པ་མཐར་ཕྱིན་པར་མཛད། དེའི་སྟོན་ལ་ཆོས་ཀྱི་སྤྱན་ལྡན་བླ་མ་བསྟན་པ་དར་རྒྱས་དྲུང་ནས་བདེ་མཆོག་སངས་རྒྱས་ཐོད་པ་དང༌། འཇིགས་བྱེད་ས་ལུགས་བཀའ་དབང༌། ཁྱབ་བདག་འཀའ་འགྱུར་བ་ངག་དབང་ལེགས་གྲུབ་ཀྱི་བཀའ་འབུམ་སྤར་མའི་སྐོར་གྱི་ལུང་སོགས་གསན། བདག་ཅག་དོན་གཉེར་རྣམས་ལ་བསྟན་འགྱུར་སྐོར་གྱི་ལུང་རྒྱུན་དེང་སང་གང་བཞུགས་ཐམས་ཅད་ཀྱི་ལྗགས་ལུང་བཀའ་དྲིན་དུ་སྩལ། དེའི་དགུན་ལ་འདར་མཁན་ཆེན་ཀུན་དགའ་འཇམ་དཔལ་སོགས་དོན་གཉེར་འགའ་ཞིག་ལ་ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད་སོགས་ཟབ་ཆོས་འགའ་ཞིག་གནང༌། དགུང་གྲངས་སོ་བདུན་པ་ཤིང་གླང་ལོར་ཁང་སར་མཁན་ཆེན་ནས་གསོལ་བ་བཏབ་པས་བདག་ཅག་རྣམས་ལ་ཞུ་ཆེན་བཀའ་འབུམ་གྱི་ལུང་དང༌། སྒྲོལ་དཀར་སོགས་གསེར་པོད་རྙིང་པའི་རྗེས་གནང་འགའ་ཞིག་སྩལ། དེའི་ས་ག་ཟླ་བའི་ཚེས་གཅིག་ནས་བཟུང་རྗེ་ཉིད་དབུར་བཞུགས་པའི་དགེ་འདུན་བཅུ་གཅིག་གིས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་སྒྲུབ་མཆོད་བདག་འཇུག་དང་བཅས་པ་སྔོན་དུ་འགྲོ་བའི་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དེ་ཉིད་ཀྱིས་འདྲ་སྐུ་དང༌། དུས་ཐང་དང༌། དངུལ་གདུང་རིན་པོ་ཆེ་རྣམས་ལ་བཟང་པོ་དྲུག་ལྡན་གྱི་རབ་ཏུ་གནས་པ་ཤིན་ཏུ་རྒྱས་པ་ཞག་བདུན་ཕྲག་གཅིག་གི་བར་དུ་མཛད། ལོ་དེའི་དབྱར་ནས་མེ་སྟག་ལོའི་ནང་བར་ལོ་གཅིག་ལྷག་ཙམ་ལ་དཔལ་དགེས་པ་རྡོ་རྗེའི་གཞིའི་བསྙེན་པ་ཤིན་ཏུ་རྒྱས་པ་སྦྱིན་སྲེག་དང་བཅས་པ་མཛད། སྟག་ལོའི་དགུན་ཁང་སར་མཁན་ནས་གསོལ་བ་བཏབ་པའི་ངོར་བཅུ་གཅིག་ཞལ་གྱི་དབང་ཆེན། གསང་འདུས་སྤྱན་རས་གཟིགས་ཀྱི་དབང༌། རྗེ་ཉིད་ཀྱི་བཀའ་འབུམ་སྐོར་ཕལ་ཆེར་དང༌། འཁྱུག་