R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༧༧
[A:༢༧༧]ཡིག་ཏུ་རྒྱུན་བཞུགས་པ་འགའ་ཞིག །ད་ལྟ་མི་བཞུགས་པའང་མཐོང་བ་འདི་ལྟར་ན། ཁྱེད་ཀྱིས་བརྩོན་པའི་སྟོབས་བསྐྱེད་ལ། ཐུགས་རྗེའི་ཤུགས་ཕྱུངས་ཏེ་བསྒྲུབས་པར་མཛོད་ཅིག །རྒྱུ་རྐྱེན་རྟེན་འབྲེལ་གང་དགོས་ཐམས་ཅད་ཁྱེད་ལ་ཚང་འདུག་པ་འདི་ལ་བསམས་ཏེ་ཆེད་དུ་བསྐུལ་བ་ལགས་སོ་གསུངས་པའི་མོད་ལ། ཇི་ལྟར་ཆུ་འཛིན་བཞད་པའི་སྒྲ་དབྱངས་དེས། །གཙུག་ཕུད་ཅན་གྱི་རྣ་བར་རྒྱན་པའི་ཚེ། །རབ་ཏུ་དགའ་བའི་སྒྲོ་གུར་ཟླུམ་པོ་ནི། །ཟ་འོག་གུར་ཁྱིམ་རྣམ་པར་བཀྲ་བ་བཞིན། །གང་ཞིག་གདུལ་བར་བྱ་བའི་སྲས་རྣམས་ལ། །གང་གིས་དུས་ལས་ཡོལ་བ་མེད་པའི་གསུང༌། །མ་བསྐུལ་འཆི་མེད་རྔ་བཞིན་བསྒྲགས་པའི་ཚེ། །དགའ་བཞིན་བློ་གྲོས་སྤོབས་པའི་ལང་ཚོ་ངོམས། །ཐུགས་བསྐྱེད་སྨོན་ལམ་དུས་སུ་སད་པ་ན། །དུས་སུ་བབས་པའི་མཛད་ཕྲིན་གཏེར་གྱི་སྒོ། །རྣམ་པར་འབྱེད་ལ་རྒྱལ་དང་རྒྱལ་བའི་སྲས། །མཛའ་མཐུན་གྲོགས་སུ་སྦྲེལ་བའི་ཚུལ་ལ་ལྟོས། །སླར་འདི་སྐད་ཅེས་གསོལ་ཏོ། །དགོངས་གཞི་དགོས་པ་ཁྱད་པར་ཅན་དེ་འདྲ་ཡོད་ཕྱིན། ཁོ་བོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ལན་གྲངས་བརྒྱ་ལ། དོན་དེའི་ཆེད་དུ་གཏོང་དགོས་ཀྱང་སྐྱོ་དུབ་དང་ཞུམ་པ་མི་བགྱིད་དོ། །ད་དུང་དཔལ་ལྡན་བླ་མ་ཆོས་ཀྱི་མཛོད་ཁང་ཆེན་པོ་བཞུགས་བཞིན་དུ། རང་གི་སྐལ་བ་མ་ཐོབ་པའི་སྨིན་གྲོལ་རྒྱབ་རྟེན་གྱི་རྒྱུན་བཟང་བདུད་རྩིའི་རྫིང་བུ་དང་འདྲ་བ་དེ་ལ་ལོངས་སྤྱོད་ཆོག་པའི་བཀའ་དྲིན་ཞུ་བཞིན། ཇི་ལྟར་ཆར་སྡོད་ཀྱི་བྱེའུས་ཆར་ཆུ་སྒུག་པ་ལྟར་མཆིས་ན་རེ་འབྲས་ཡིད་བཞིན་དུ་འགྲུབ་