R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༨༧
[A:༢༨༧]ཆེན་ཟབ་མོའི་འཛིན་སྐྱོང་སྤེལ་གསུམ་དང༌། རང་གི་འཚོ་ཁམས་བརྟན་པ་གཉིས་ཀའི་གེགས་དང་བར་ཆད་ལས་གྲོལ་ནས་བསྟན་དོན་ཡང་བླ་མ་རྣམས་ཀྱིས་ཇི་སྐད་བཀའ་སྩལ་པ་དང༌། རང་གིས་ཇི་ལྟར་བསམ་པ་བཞིན་འགྲུབ་རྒྱུ་ཡོད་ལས་ཆེ་གསུངས་ཤིང་ཐུགས་བདེ་འབོལ་གྱིས་བཞུགས། ཡང་དཔོན་ཚང་འདི་ལ་ནི་བྱད་གདོན་མ་རུང་བ་ཞིག་གིས་གནོད་ཚབས་གང་ཆེ་དང༌། ཁྱད་པར་བུ་འདི་ལ་བགེགས་ཞུགས་ནས་ལོག་པའི་སྤྱོད་པ་མཐའ་མེད་པས་རང་གཞན་ཕུང་ལ་སྦྱོར་བ་ཞིག་འོང་བར་འདུག །དེ་འགོག་པའི་ཐབས་ཤིག་མ་བྱས་ཐུས་མེད་གསུངས་ཏེ། དམིགས་ཟབ་དང་དྲག་སྔགས་ཀྱིས་གཟིར་ནས་བགེགས་བསྐྲད་པ་དང་ཕྱིར་མི་ལྡོག་པའི་སླད་དུ། གཤིན་རྗེའི་གཤེད་ཀྱི་གཏོ་ཆོག་དྲུག་ཅུ་བ་དང༌། རྭ་ལོའི་ལུགས་ཀྱི་དྲག་པོའི་སྦྱིན་སྲེག་དང་དབང་དང་རྗེས་གནང་གི་བྱིན་གྱིས་བརླབས་པ་ནན་ཏན་མཛད་ནས། ད་ནི་ཧ་ཅང་གི་གནོད་ཚབས་ཆེན་པོ་དེ་མི་འགྱུར་བར་ངེས་སོ་གསུངས། བུ་ཁོ་རང་ནར་སོན་ནས་སྲིད་ཀྱི་བྱ་བ་བྱེད་སྐབས། བསམ་པ་ཕྱིན་ཅི་ལོག་དྲན་ནས་ལོག་སྤྱོད་ལ་མ་ཞུགས་གོང་ནས་རྗེ་བླ་མ་འདི་ཡིད་ལ་གསལ་ལམ་མེ་ཤར་ཏེ། དེ་མ་ཐག་ཆུ་ཁོལ་ནང་ཆུ་བསིལ་བླུགས་པ་ལྟར་འགྲོ་འདུག་ཟེར་ཤིང༌། འདི་ལྟ་བུའི་བླ་མ་བཀའ་དྲིན་ཐུགས་རྗེ་ཅན་འཇིག་རྟེན་འདི་ན་རྙེད་པར་དཀའོ་བརྗོད། ཁོ་རང་ཡང་རྒྱུད་བྱིན་གྱིས་བརླབས་པས་རིམ་གྱིས་སྲིད་ཀྱི་བྱ་བ་ཐམས་ཅད་བཞི་མདོའི་རྩྭ་བཞིན་དོར་ཏེ་སྤོང་བ་བསམ་གཏན་པའི་བརྟུལ་ཞུགས་ལ་སླར་མི་ལྡོག་པར་གནས་པར་གྱུར་ཏོ། །ཐོག་ཆུ་ཁོལ་མ་བླ་གོས་ཀྱི་གྲྭ་ལ་