[A:༣༡༤]འདི་ལྟ་བུ་ནི་མཐོ་གཏམ་མཐོ་བཤད་ཁོ་ནར་མཛད་པ་བརྒྱ་ལས་དགའ་བའི་ཉམས་དང་དགོངས་པ་ཅན་གྱི་གསུང་དུ་ངེས་པར་རྙེད། རང་ཤེས་རང་གཅེས་ཆེ་བའི་རྣ་ལམ་དུ་མ་སོང་བའི་སྐད་འདུག་པ་ནི་རྣམ་པར་དག་ན་རིན་འབྱུང་དུ་འཆར་རྒྱུ་ཡིན་འདུག་གོ །མན་ངག་གི་ཁྲིད་རྐྱང་པས་ཆོག་པར་མི་མཛད་པ། རྗེ་བིརྺ་པའི་གཞུང་རྡོ་རྗེའི་ཚིག་རྐང་ལ་འགྲེལ་བཤད་རྒྱས་པ་སྲས་དོན་མ། ཟབ་གཉག་མ། དེ་དག་གི་དོན་འགྲེལ་མན་ངག་གཏེར་མཛོད་རྣམས་ཀྱི་ལྗགས་ཁྲིད་ཚར་རེ་སྩལ་ནས་ལན་གསུམ་བཟླས་ཏེ་ལམ་གྱི་གནད་དེ་དག་གཞུང་འདི་དང་འདིས་བསྟན་པ་ཡིན་ཅེས་གསུངས། གཞུང་བཤད་རྐྱང་པས་ཆོག་པར་མི་མཛད་པ་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པའི་མན་ངག་གི་འགྲེལ་པ་དག་ལྡན། རྒྱ་ཆེར་འགྲེལ་པ་ཉི་མའི་འོད་ཟེར། དོན་བསྡུས་ཚིག་འགྲེལ་དང་བཅས་པས་ཚར་གསུམ་བཟླས་ཏེ་གཞུང་གདམས་དེ་དག་ཐམས་ཅད་ཀྱང་རྒྱུད་དོན་ཟབ་མོ་འདི་དང་འདི་ལ་ཐུག་པ་ཡིན་ནོ་གསུངས། དེ་ལྟར་རྒྱུད་གཞུང་མན་ངག་དང་བཅས་པ་དེ་དག་ཐམས་ཅད་རྟོགས་གེའི་བློ་ཡི་བཅོས་ཏེ་སྦྱར་བ་མ་ཡིན་པ་དཀྱིལ་འཁོར་གྱི་གཙོ་བོས་དངོས་སུ་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་བའི་གྲུབ་ཆེན་བིརྺ་པ་ནས་བཟུང་སྟེ་སྙན་བརྒྱུད་བཞི་དང་ཚད་མ་བཞི་ལྡན་དུ་བར་མ་ཆད་པ་བླ་མ་བརྒྱུད་པ་འདི་དང་འདི་དག་ལས་ཚུལ་འདི་དང་འདི་ལྟ་བུས་བྱོན་ནས་ཁོ་བོ་ཅག་ལ་བཀའ་དྲིན་ཐོབ་པ་ཡིན་ཅེས་གསུངས་པའི་མོད་ལ། ཉམས་མྱོང་ཚད་མ་རྒྱུད་གཞུང་དང་མཐུན་པར་སྐྱེས་ནས་བླ་མ་བརྒྱུད་པ་དང་