R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༢༤
[A:༣༢༤]ཆེན་པོ་བསྙིལ་བ་འདིས་རྟོགས་སོ། །དེ་ལྟར་ཐུབ་བསྟན་ཡོངས་སུ་རྫོགས་པ་མཐའ་དག་གི་དག་བྱེད་རྙོག་པ་མེད་པར་ཐོས་བསམ་སྒོམ་གསུམ་གྱི་བུམ་བཟང་གཅིག་ཏུ་བསྐྱིལ་ནས་མཁྱེན་བརྩེ་ནུས་གསུམ་གྱི་གསང་སྔགས་ཟབ་མོས་རྒྱུན་མི་ཆད་པར་བྱིན་གྱིས་བརླབས་ཏེ། འཆད་རྩོད་རྩོམ་གསུམ་གྱིས་རྒྱ་ཆེན་པོར་སྤེལ་ཞིང༌། རིས་སུ་མ་ཆད་པ་གདུལ་བྱ་མ་ལུས་པའི་སྤྱི་བོ་ནས་དབང་བསྐུར་བས། ཕྱོགས་སུ་མ་ལྷུང་བའི་ལམ་བཟང་མ་ནོར་བ་ཀུན་ལ་རང་རང་གི་ཁམས་དབང་བསམ་པའི་ངོས་སྐལ་དང་འཚམས་པར་འཇུག་པ་དང་མ་འཁྲུལ་པའི་སྒོ་རྙེད་པར་མཛད་པའི་སྐུ་དྲིན་ནོར་བུའི་ཕུང་པོ་ལག་ལྡན་འབུམ་གྱིས་མི་ཐེག་པ་ལྟ་བུ་འདི་ལ་ནག་པོའི་ཆོས་བཞིས་རྒྱུད་མ་བསླད་པ་དག་གིས་ཉིན་མཚན་དུས་དྲུག་ཏུ་རྗེས་སུ་དྲན་པར་རིགས་སོ། །ཨེ་མ་རིང་ནས་བརྣག་པའི་བསྟན་འགྲོའི་དོན། །ཕུན་ཚོགས་བཞེད་རྒུ་འཇོ་བའི་རོལ་རྩེད་མཁན། །དུས་འདིར་རྙིགས་མའི་རྒུད་པ་སེལ་བའི་གཉེན། །རྣམ་འདྲེན་ཡོངས་ཀྱི་རྩལ་ལས་བྱོན་ནམ་སྙམ། །དཔལ་ལྡན་བླ་མ་མ་ལ་ཡ་ཡི་རིར། རྡོ་རྗེ་འཛིན་པ་ཧ་རིའི་ནགས་ཚལ་རྒྱས། །རྡོ་རྗེ་ཐེག་པའི་དྲི་ཞོན་ཀུན་ཏུ་ཁྱབ། །སྲིད་ཞིའི་གདུང་བ་ཀུན་སེལ་སྨན་གཅིག་པུ། །དངོས་ཀུན་བདེ་བ་ཆེ་ལ་དལ་གྱིས་སྦྱོར། །རྡོ་རྗེའི་ལང་ཚོ་གསར་པའི་འཇོ་སྒེག་ངོམ། །རྡོ་རྗེ་ཆོས་ཀྱི་སྒྱུ་རྩལ་སྣ་ཚོགས་རྩེ། །ལྷར་བཅས་ཀུན་དགའི་མཛའ་བཤེས་འགྲན་ཟླ་མེད། །བསྟན་ལ་གནོད་པ་ཆར་ལྟར་བབས་ན་ཡང༌། །འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཉི་བཞིན་རྒྱས། །འདིས་ནི་གནས་བརྟན་ཆེན་པོ་ཡན་ལག་འབྱུང༌། །ཡིན་ལ་ཡིན་པའི་ངེས་པ་ཅིས་མི་