R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༢༩
[A:༣༢༩]ཡོད་དག་གིས་དམ་ཚིག་ལ་བསམ་ནས་དེ་དོན་བསྒྲུབས་ན་མཐུན་རྐྱེན་གྱི་དངོས་པོ་གང་དགོས་ཡོད་པའི་ཕྱིར་བསྟན་པའི་ཞབས་འདེབས་གནད་གང་ཆེ་ཇི་ལྟར་བཞེད་པ་བཞིན་འགྲུབ་རྒྱུ་མེད་དོན་ཅི་ཞིག་ཡོད་ཅེས་ཡི་ཆད་པའི་སྡུག་སྐད་འདོན། ཁ་ཅིག་གིས་ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་འགོག་པ་མེད་པའི་ཆོས་ཉིད་དབང་བཙན་པས་ཐུགས་བཞེད་གང་མངའ་བ་རིམ་བཞིན་འབྱུང་བའི་རེ་སྨོན་བྱེད། སྣ་ཚོགས་སྒྱུ་མའི་སྟང་སྟབས་ཅིར་ཡང་རྩེ་བའི་སྲིད་པའི་གར་མཁན་འདི་ལ་གད་མོ་ཤོར་བའི་གནས་སུ་གྱུར་པ་ནི་མང་དུ་མཐོང་ངོ༌། །འོན་ཀྱང་རྙེད་དང་བཀུར་སྟིའི་མཆོད་པ་དང་སྒྲུབ་པའི་མཆོད་པ་བཅས་ཀྱིས་རང་གི་ཚོགས་སྤེལ་བ་དང༌། བླ་མའི་དགོངས་པ་ཡོངས་སུ་རྫོགས་པའི་རེ་ལྟོས་བཅའ་བ་ཙམ་ལ་ནན་ཏན་བྱེད་པ་གང་དག་མཆིས་པ། དེ་དག་ཡིད་ཀྱི་སྐྱོ་གྲོགས་སུ་གྱུར། རྗེ་ཉིད་ཀྱི་དགོངས་པའི་མཐིལ་ནི་མདོ་སྔགས་གཞུང་ལུགས་ཀུན་ལ་ལུང་རིགས་མན་ངག་དང་མཐུན་པའི་བཤད་སྲོལ་རྣམ་པར་དག་པ་ཞིག་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཚུགས་ཐུབ་པ་དང༌། ཟབ་གསང་རྒྱུད་སྡེ་རྣམ་བཞིའི་དབང་བཀའ་ཁྲིད་རྒྱུན་ཡོངས་སུ་རྫོགས་པ་ལོ་གསུམ་བཞིའི་ཁོངས་སུ་ཚར་རེ་དབྱར་ཆོས་སུ་འགྲོ་ཐུབ་པ་ཞིག་བྱུང་ན། འཆད་ཉན་མཁན་རྣམས་ལ་བསྙེན་བཀུར་གྱི་རྟེན་ཇི་ཙམ་དགོས་ནའང་ཕུལ་རྒྱུའི་རེ་བ་ཡོད་ཅེས་འདོམས། དེ་ལྟར་འགྲུབ་པའི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བ་ལྟ་བུའི་སྐབས་སུ་བབ་པ་ནི་བསྟན་པའི་གེགས་ཆགས་ཡིན་ནམ་སྙམ་ཡང༌། བླ་མའི་ཐུགས་བསྐྱེད་དང༌། ཐུགས་ཀྱི་སྲས་མཆོག་