R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༣༠
[A:༣༣༠]རྣམས་ཀྱི་མཛད་ཕྲིན་བཟང་པོ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་དུ་རྩོལ་མེད་ལྷུན་གྱིས་གྲུབ་པའི་རྩལ་ལས་ཕུན་སུམ་ཚོགས་པའི་དགེ་མཚན་གྱི་དཔལ་རབ་ཏུ་འབར་བར་ནམ་ཞིག་འབྱུང་བར་འགྱུར་སྙམ་དུ་དུང་ངེ་སེམས་སོ། །རྗེ་ཉིད་ཀྱི་གསུང་ལས་སྐྱེས་པའི་ཞལ་སློབ་བོད་དང་བོད་ཆེན་པོའི་ལྗོངས་སུ་བགྲངས་ཀྱི་མི་ལོང་བར་བཞུགས་ཀྱང་གཙོ་བོར་གོང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སོ་སོར་བཞུགས་པའི་སློབ་ཚོགས་དང་དེ་རྣམས་ཀྱི་ནང་ནས་དགེ་འཕེལ་མཆོག་སྤྲུལ་རིན་པོ་ཆེ་སྙན་གྲགས་བསྟན་པའི་དབང་ཕྱུག་གིས་རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་གྱི་ཞལ་ཐང་ཡོངས་སུ་རྫོགས་པ་བཞེངས་ཏེ་སྨིན་གྲོལ་ཚང་སྤྲུགས་སུ་སྤེལ། བདོག་རྒུ་སྤོང་དག་གི་མཎྜལ་ཕུལ། བེ་ཚོང་ཆོས་རྗེ་མཁས་གྲུབ་མཁྱེན་རབ་རྒྱ་མཚོས་དེ་ཁོ་ན་ལྟར་མཛད། ཉ་བྲག་སྤྲུལ་པའི་སྐུ་འཇམ་དབྱངས་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་པས་ངོར་ཨེ་ཝཾ་ཆོས་ལྡན་ནས་རྒྱུད་སྡེ་ཡོངས་་རྫོགས་ཀྱི་སྨིན་གྲོལ་སྤེལ་བའི་མཐུན་རྐྱེན་མི་དམན་པ་ཞིག་ཕུན་ཚོགས་ཁང་གི་མཁན་ཆེན་མདུན་ཕུལ་ནས་དོན་སྨིན་གྱུར། བྲག་གཡབ་གཙང་སར་སྤྲུལ་པའི་སྐུ་དང༌། རབ་ཤིས་སྤྲུལ་པའི་སྐུ་དང༌། སྡོམ་ཚང་ཆོས་འཁོར་གླིང་གི་སྒྲུབ་བརྩོན་དམ་པ་དང༌། སྐྱེ་དགུ་དོན་གྲུབ་གླིང་གི་ཚེ་མཚམས་པ་ཤེས་རབ་དང་རྣལ་འབྱོར་གྱི་དབང་ཕྱུག་ཞབས་དྲུང་ངག་དབང་ཤེས་རབ་རྒྱ་མཚོ། མཁས་བཙུན་ཡེ་ཤེས་བཟང་པོ། སྒྲུབ་བརྩོན་ངག་དབང་དམ་ཆོས་རྣམས་ཀྱིས་བསྙེན་སྒྲུབ་སྔོན་དུ་འགྲོ་བས་རྒྱུད་སྡེ་རབ་འབྱམས་ཀྱི་སྨིན་གྲོལ་ཟབ་མོའི་འཆད་སྤེལ་གནང༌། རྗེ་བླ་མའི་ཐུགས་