R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༢༠
[A:༢༠]གར་དུ་གཤེགས་སོ།། ༈ གཉིས་པ་ག་ཡ་དྷ་ར་ལས་འཕྲོས་པའི་ལོ་རྒྱུས་ནི། པཎྜི་ཏ་གཤེགས་རྗེས་སུ་བླ་ཆེན་ཅན་དུ་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བྱོན་ནས་གདམས་ངག་ཞུས་པས། གདམས་ངག་འདོད་ན་གསེར་ཁྱེར་ལ་ཤོག་གསུངས། འགོས་ཀྱིས་ཡུལ་ཞིང་བཙོང་བས་གསེར་སྲང་བརྒྱད་ཅུ་ཙམ་བྱུང༌། བསམས་པས་གསེར་འབུལ་བ་མཉམ་པོ་ལ་རྒྱ་གར་དུ་འགྲོ་སྙམ་ནས་རྒྱ་གར་དུ་ཕྱིན། དེ་དུས་རྒྱ་སྲས་མཻ་ཏྲི་པ་སྙན་པའི་གྲགས་པ་ཆེ་བས་དེ་གདན་འདྲེན་དགོས་སྙམ་ནས། སེ་ཤེས་རབ་སྨོན་ལམ་དང་གཉིས་གྲོ་མོ་ནས་ཕར་བྱོན་པས་ལམ་དུ་འཇིགས་པ་ཆེ་བས་ཉེ་གནས་ཀྱིས་ར་སློག་གོན། ལྷྭམ་མགོ་རྟིང་ལྡོག །གསེར་མི་མགོའི་བམ་རིལ་དུ་བླུགས། རི་མོ་སྣ་ཚོགས་བྲིས་ཏེ་ཁུར་ཕྱིན་པས། མོན་ཀུན་བོད་ཀྱི་ལྷ་འདྲེ་བྱུང་ཟེར་ནས་མ་བསད། དེ་ཙམ་ན་ཇོ་བོ་ག་ཡ་དྷ་ར་བོད་དུ་བཞུད་དགོངས་ནས་བྱོན་པ་དང་གྲོ་མོ་ཤང་དཀར་དུ་ལོ་ཙཱ་བ་དང་མཇལ། པཎྜི་ཏས་གང་ནས་འོང༌། གང་དུ་འགྲོ་གསུངས་པས། བོད་ནས་འོང༌། པཎྜི་ཏ་སྤྱན་འདྲེན་དུ་འགྲོ་ཟེར། སུ་འདྲེན་གསུངས་པས། མཻ་ཏྲི་པ་སྤྱན་འདྲེན་ཞུས་པས། དེར་ཕན་ཐོགས་པར་མཁྱེན་ནས་མཻ་ཏྲི་པ་ཀ་ང་ཡིན་གསུངས་པས། ཆོས་མཁས་ཤིང་གདམས་ངག་ཆེ་བས་མགུ་ནས་པཎྜི་ཏའགོས་ཀྱིས་གདན་དྲངས་ནས་བྱོན་ཙ་ན། མོན་ཀུན་ན་རེ། ཁར་སེང་གི་འདྲེ་ཡིན་ཟེར་བ་དེ་ཀུན་བོད་ཀྱི་ལོ་ཙཱ་བས་གསེར་མང་པོ་ཁྱེར་ནས་པཎྜི་ཏ་གདན་དྲངས་ནས་འོང་གིན་འདུག་གོ་ཟེར་ནས། ལམ་ན་མོན་ཀུན་བསྒུགས་ནས་ཡོད་པའི་གཏམ་ལོ་པཎ་རྣམས་ཀྱིས་ཐོས་ནས་གྲོས་བྱས་པས་ཉེ་གནས་ན་རེ། བླ་མ་མི་བཞུགས་ན་བོད་ཐམས་ཅད་ཀྱི་མིག་དུས་གཅིག་ལ་ལོང་བ་དང་འདྲ་བས། ངས་བླ་མར་བརྫུས་ནས་འགྲོ་ཟེར་